རང་རྒྱལ་གྱིས་ཞིང་ལས་དང་གྲོང་གསེབ་ཀྱི་ཚད་གཞིའི་མ་ལག་གང་མགྱོགས་སྐྲུན་རྒྱུ་ཡིན་པ།
ཚད་གཞིའི་སྟོང་ཆ་གསབ་རྒྱུ།
ཉེ་ཆར་འཚོགས་པའི་ཞིང་ལས་དང་གྲོང་གསེབ་ཚད་ལྡན་ཅན་གྱི་ལས་དོན་སྐུལ་སྤེལ་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པའི་ཞིང་ལས་དང་གྲོང་གསེབ་ཀྱི་ཚད་གཞིའི་མ་ལག་གང་མགྱོགས་སྐྲུན་རྒྱུ་དང་ཚད་གཞི་རིམ་སྤོར་ལ་བརྟེན་ནས་ཞིང་ལས་དང་གྲོང་གསེབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་རྒྱུ་རེད།
ཞིང་ལས་དང་གྲོང་གསེབ་པུའུ་ཡིས་ཚད་གཞི་བཟོ་བ་དང་། བཀོལ་སྤྱོད། དོ་དམ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་ལས་འགན་གཙོ་བོར་དམིགས་ཏེ། ཚད་གཞིའི་སྟོང་ཆ་གསབ་པ་དང་གཙོ་གནད་དང་གསར་དར་ཁྱབ་ཁོངས་ཀྱི་ཚད་གཞི་གང་མགྱོགས་བཟོ་རྒྱུ་དང་། ཚད་གཞིའི་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་། ཚད་གཞིའི་རྣམ་གྲངས་འགོད་རིང་གི་དཔྱད་དཔོག་དང་། ཞིབ་བཤེར། གདེང་འཇོག་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཚད་གཞིའི་ཚན་རིག་རང་བཞིན་དང་། རྒྱང་ལྟའི་རང་བཞིན། ཉེར་སྤྱོད་རང་བཞིན་བཅས་ཆེ་རུ་ཏན་ཏིག་གཏོང་རྒྱུ། ཡུལ་བབ་དང་བསྟུན་ནས་ས་གནས་ཀྱི་ཚད་གཞི་ལེགས་སུ་གཏོང་བ་དང་གོང་འོག་མཐུན་སྦྱོར་གྱིས་ཞིང་ལས་དང་གྲོང་གསེབ་ཀྱི་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཐབས་མང་མཉམ་སྤྱོད་ཀྱིས་ཚད་གཞི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། ལྟ་སྐུལ་དང་ཞབས་ཞུ་དུས་མཉམ་དུ་སྤེལ་རྒྱུ་མཐའ་འཁྱོངས། ཞིང་ལས་གཉེར་སྐྱོང་གི་བྱེད་པོ་གསར་པའི་འགག་རྩ་གང་དེར་དམ་འཛིན་བཅས་བྱས་ནས་ཞིང་དུད་ཆུང་གྲས་ཀྱི་ཚད་ལྡན་ཅན་གྱི་ཐོན་སྐྱེད་ཆུ་ཚད་མཐོ་རུ་གཏོང་བར་ཁྱབ་འགྱེད་སྐུལ་ཁྲིད་བྱེད་རྒྱུ། ཚད་གཞིའི་རྒྱལ་སྤྱི་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་རྒྱལ་སྤྱིའི་ཚད་གཞི་བཟོ་བ་དང་བཟོ་བཅོས་རྒྱག་པའི་ནང་ཧུར་ཐག་ཞུགས་ཏེ། ཞིང་ལས་ཚད་གཞིའི་ཁྱབ་ཁོངས་ཀྱི་རང་རྒྱལ་གྱི་རྒྱལ་སྤྱིའི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་རྒྱུ་བཅས་རེད།
འབྲེལ་ཡོད་གསར་འགྱུར།