དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོའི་སྨན་བཅོས་འགན་བཅོལ་དང་ཚོང་ལས་འགན་བཅོལ་གྱི“དཀར་ཆག་གཉིས”ཁྱབ་བསྒྲགས་བྱས་པ།

    སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ནང་སྨན་རྫས་སྣ་ཁ་114མང་དུ་བཏང་བའི་ནང་སྣ་ཁ་50ནི་རིམ་པ་དང་པོའི་སྨན་གསར་པ་ཡིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-10

    ཉིན་ཤས་གོང་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་དང་མི་སྤྱི་པུས《རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། བུ་བཙའི་འགན་བཅོལ། ལས་རྨས་འགན་བཅོལ་བཅས་ཀྱི་སྨན་རྫས་དཀར་ཆག(2025ལོ)》དང《ཚོང་ལས་བདེ་ཐང་འགན་བཅོལ་གྱི་སྨན་གསར་པའི་དཀར་ཆག(2025ལོ)》ཁྱབ་བསྒྲགས་བྱས་ནས་2026ལོའི་ཟླ་1ཚེས་1ཉིན་ནས་བཟུང་རྒྱལ་ཡོངས་སུ་དངོས་སུ་ལག་ལེན་བསྟར་རྒྱུ་རེད།

    རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་གསར་པའི་ནང་སྨན་རྫས་སྣ་ཁ་114མང་དུ་བཏང་བའི་ནང་རིམ་པ་དང་པོའི་སྨན་གསར་པ་50ཡོད་པ་དང་། ནད་ཐོག་མཁོ་སྤྲོད་བྱས་མེད་པའམ་ཡང་ན་སྨན་རྫས་གཞན་དག་གིས་ཚབ་དེ་བས་ལེགས་པ་བྱེད་ཆོག་པའི་སྨན་རྫས་སྣ་ཁ་29ཕྱིར་འཐེན་བྱས་ཡོད། ལེགས་སྒྲིག་བྱས་རྗེས་དཀར་ཆག་ནང་གི་སྨན་རྫས་ཁྱོན་སྣ་ཁ་3253བར་མང་དུ་བཏང་བའི་ནང་ཕྱི་ལུགས་སྨན་རྫས་སྣ་ཁ་1857དང་ཀྲུང་ལུགས་སྨན་རྫས་གྲུབ་མ་སྣ་ཁ་1396ཡོད་པ་དང་། སྐྲན་ནད་དང་། གཅོང་ནད། སྨྱོ་ནད། མཐོང་དཀོན་པའི་ནད། བྱིས་པའི་སྨན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་འགན་སྲུང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

    ཚོང་ལས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་གསར་པའི་ནང་ཁྱོན་བསྡོམས་སྨན་རྫས་སྣ་ཁ་19བཅུག་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་གསབ་རེས་འབྲེལ་མཐུད་ཅུང་ཡག་པོ་ཆགས་ཡོད་ལ། ཚོང་ལས་འགན་བཅོལ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ཐབས་སྒྱུར་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་འཛུགས་པར་རྨང་གཞི་བཏིང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།