དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “གོ་སྐབས་ཀྱི་གྲུ་ཁ་སྟེ། ཀྲུང་གོ་དང་ཨ་རིའི་ཚོང་ལས་སྤེལ་རེས་ཀྱི་ཞོགས་ཟས་ཚོགས་འདུ”འཚོགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-10

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅིའུ་ཅིན་ཧྲན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཨའོ་ཁེ་ལན་དུ་ཀྲུང་གོ་ཚོང་དོན་ཡར་སྐུལ་ལྷན་ཚོགས་དང་ཨ་རིའི་ཅ་ལི་ཧྥུ་ཉི་ཡ་ཀྲོའུ་ཨའོ་ཁེ་ལན་གྲོང་ཁྱེར་སྲིད་གཞུང་གིས“གོ་སྐབས་ཀྱི་གྲུ་ཁ་སྟེ། ཀྲུང་གོ་དང་ཨ་རིའི་ཚོང་ལས་སྤེལ་རེས་ཀྱི་ཞོགས་ཟས་ཚོགས་འདུ”མཉམ་དུ་གཙོ་གཉེར་བྱས་པ་རེད།

    ཀྲུང་གོ་ཚོང་དོན་ཡར་སྐུལ་ལྷན་ཚོགས་ཀྱི་ཚོགས་གཙོ་རེན་ཧུང་པིན་གྱིས་ཤིས་ཚིག་ནང་། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་དེས་ཨ་རི་ཚུད་པའི་རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་རིགས་ཀྱིས་ཀྲུང་གོར་མཉམ་ལས་བྱ་རྒྱུར་འཕེལ་རྒྱས་ཀྱི་བར་མཐོངས་ཆེན་པོ་མཁོ་འདོན་ཐུབ་རྒྱུ་རེད། ཀྲུང་གོ་ཚོང་དོན་ཡར་སྐུལ་ལྷན་ཚོགས་ཀྱིས་ཨ་རི་ཕྱོགས་ཀྱི་མཉམ་ལས་རོགས་ཟླ་དང་མཉམ་དུ་དགེ་མཚན་ལྡན་པའི་བྱ་སྤྱོད་སྔར་བས་མང་བ་སྤེལ་ཏེ་རྒྱལ་ཁབ་གཉིས་ཀྱི་དམངས་ཚོགས་ཕན་ཚུན་ཤེས་རྟོགས་ཟབ་ཏུ་གཏོང་བ་དང་དཔལ་འབྱོར་ཚོང་དོན་གྱི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་བརྗོད་པ་རེད།

    ཨའོ་ཁེ་ལན་གྲོང་ཁྱེར་གྱི་ཧྲི་ཀྲང་པ་པ་ལ·ལི་ཡིས། ཨའོ་ཁེ་ལན་ནི་ཅ་ཀྲོའུ་ཡི་གསོན་ཤུགས་ཆེ་ཤོས་ཀྱི་གྲུ་ཁའི་གྲོང་ཁྱེར་གྱི་གྲས་ཤིག་རེད། ཨ་རིའི་ནུབ་ཕྱོགས་མཚོ་ངོགས་ཀྱི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་དང་ཚོང་དོན་སྒོ་མོ་ཞིག་ཡིན་པའི་ཨའོ་ཁེ་ལན་གྲུ་ཁས་དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་དཔལ་འབྱོར་ཚོང་དོན་གྱི་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཨའོ་ཁེ་ལན་གྲོང་ཁྱེར་གྱིས་ཨ་རི་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་ཁེ་ལས་ཀྱིས་ལྗང་མདོག་ཚན་རྩལ་དང་། གྲུ་ཁའི་ཟོག་འགྲུལ། ནུས་རྒྱུ་གཙང་མ། གྲངས་འཛིན་དཔལ་འབྱོར། རིག་གནས་ཡུལ་སྐོར་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་སྟབས་བདེ་དེ་བས་མང་བ་མཁོ་འདོན་བྱེད་འདོད་ཡོད་ཅེས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།