འཁོར་ཐོག་གི“སྐོར་སྐྱོད་འཕྲོད་བསྟེན་ཁང”

འདི་ནི་སོག་རྫོང་གི་གྲོང་ཚོའི་སྨན་པས་སྐོར་སྐྱོད་སྨན་བཅོས་སྦག་སྦག་དང་འགྲོ་སྐྱོད་ཆོག་པའི་ལག་ཁྱེར་ལེན་བཞིན་པ།

འདི་ནི་ས་ཡུལ་དངོས་སུ་གྲལ་སྟར་བསྒྲིགས་ནས་བཞག་པའི་སྐོར་སྐྱོད་སྨན་བཅོས་སྦག་སྦག་གསར་པ་ཡིན་པ།

འདི་ནི་སོག་རྫོང་གི་གྲོང་ཚོའི་སྨན་པས་སྐོར་སྐྱོད་སྨན་བཅོས་སྦག་སྦག་བླངས་ནས་ས་གནས་ས་ཐོག་ཏུ་ཚོད་ལྟའི་ངང་གཏོང་བཞིན་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་སོག་རྫོང་གིས་གྲོང་ཚོའི་སྨན་པར་བདེ་ཐང་སྐོར་སྐྱོད་སྨན་བཅོས་སྦག་སྦག་སྤྲོད་པའི་མཛད་སྒོ་འཚོགས་ནས་རྫོང་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ(གྲོང་ལྷན)124ཡི་གྲོང་གསེབ་སྨན་པར་སྐོར་སྐྱོད་སྨན་བཅོས་སྦག་སྦག་124སྤྲད་པ་ལས་རྫོང་ཡོངས་ཀྱི་གྲོང་ཚོའི་སྨན་པར་སྐོར་སྐྱོད་སྨན་བཅོས་ཀྱི་འགྲིམ་འགྲུལ་ཡོ་བྱད་སྤྱིར་ན་ཡོངས་ཁྱབ་བྱུང་བ་རེད།
ད་ཐེངས་ཀྱི་བདེ་ཐང་སྐོར་སྐྱོད་སྨན་བཅོས་སྦག་སྦག་སྤྲད་པ་ལས་སོག་རྫོང་གི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་ཡོད། དངོས་སྒྲུབ་ཀྱི་བྱེད་ཐབས་ལ་བརྟེན་ནས་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི“མཐའ་མའི་འགག་གནད”བསལ་ཏེ་ཐག་རིང་ལུང་ཁུག་གི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི“ནད་ལྟ་བར་ཐག་རིང་པོ་སྐྱོད་པ་དང་ནད་ལྟ་དཀའ་བའི”གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བདེ་ཐང་གི་འགན་ལེན་ནུས་ལྡན་མཁོ་འདོན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།