དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཆུ་ཤུར་རྫོང་ཁྲལ་དོན་ཅུས་ཀྱིས་དམངས་འཚོར་ཕན་འདོགས་པའི་ཆེད་དོན་བྱེད་ཐབས་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-10

    ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཆུ་ཤུར་རྫོང་ཁྲལ་དོན་ཅུས་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་དགོས་མཁོ་དངོས་དང་དམངས་འཚོའི་ཞབས་ཞུའི་གཙོ་གནད་ལྷུ་ཚིགས་ལ་དམིགས་ཏེ། “ཞིང་འབྲེལ་འཛིན་ཤོག་གི་ཆེད་དོན་ཞིབ་བཤེར་ཆོག་མཆན”དང“སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་ཆེད་བཙུགས་སྐར་ཁུང”བྱེད་ཐབས་ཁག་གཉིས་བཏོན་ནས། ཞབས་ཞུའི་འཁོར་འབྲེལ་ལེགས་སུ་བཏང་སྟེ་གྲོང་གསེབ་དར་རྒྱས་ཀྱི“མཐའ་མའི་འགག་གནད”སེལ་བར་སྐུལ་མ་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཆུ་ཤུར་རྫོང་ཁྲལ་དོན་ཅུས་ཀྱིས་ཁོངས་གཏོགས་ཁུལ་གྱི་མཉམ་ལས་ཁང་གི་དུས་ཚིགས་རང་བཞིན་གཅིག་སྡུད་ཐོག་སྤ་སེ་འབྲི་བའི་དགོས་མཁོ་གཞིར་བཟུང་།“སྤ་སེ་ལེན་སྤྱོད་ཀྱི་ཆེད་དོན་ཞིབ་བཤེར་ཆོག་མཆན”གྱི་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱས་ཏེ་དཔྱད་ཡིག་འབྱོར་རྗེས་དུས་ཐོག་ཏུ་ཞིབ་དཔྱད་བྱེད་ཀྱི་ཡོད་པ་རེད།

    དེ་དང་ཆབས་ཅིག ལོ་འཁོར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་ལས་དོན་སྤེལ་འགོ་ཚུགས་པ་དང་བསྟུན་ནས། གྲོང་གསེབ་ཀྱི་གྲོང་མི་འབོར་ཆེན་ཞིག་ཁྲལ་སྒྲུབ་ཞབས་ཞུ་ཐིང་དུ་འགྲོ་ལུགས་གཉེར་བར་ཡོང་བར་བརྟེན་ཁྲལ་སྒྲུབ་ཞབས་ཞུ་ཐིང་གི་ལས་སྒོ་མང་དུ་ཕྱིན་ཏེ་བང་ཡུན་རིང་པོ་སྒྲིག་དགོས་ཀྱི་ཡོད། མང་ཚོགས་ཚོའི“བྱ་བ་སྒྲུབ་དཀའ་བ་དང་བང་ཡུན་རིང་སྒྲིག་པའི”གནད་དོན་ཐག་གཅོད་ཏན་ཏིག་བྱ་ཆེད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཆུ་ཤུར་རྫོང་ཁྲལ་དོན་ཅུས་ཀྱིས་དུས་ཐོག་ཏུ་བྱ་སྤྱོད་སྤེལ་ཏེ། སྨན་བཅོས་འགན་བཅོལ་གྲོན་དངུལ་འཇལ་བའི་ཆེད་བཙུགས་སྐར་ཁུང་མང་དུ་བཏང་བ་མ་ཟད། བོད་རྒྱ་ཡིག་རིགས་ཤན་སྦྱར་གྱི་ཁྲལ་འཇལ་མཛུབ་ཁྲིད་ཀྱང་དུས་གཅིག་ཏུ་ཤར་གཏོང་བྱས་ནས་མང་ཚོགས་ལ་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་ལས་སྒོ་གཉེར་བ་རེད།

    ཆེད་བཙུགས་སྐར་ཁུང་གི་ལས་དོན་པས་གྲོན་དངུལ་འཇལ་བའི་ལས་སྒོ་ནུས་ཆེའི་ངང་ལེགས་སྒྲུབ་བྱེད་པ་དང་དུས་མཚུངས། ས་གནས་ས་ཐོག་ཏུ་མང་ཚོགས་ལ་དྲ་ཐོག་གི་APPནས་གྲོན་དངུལ་འཇལ་སྟངས་བསླབས་པས།“སྒྲུབ་གཉེར་དང་མཛུབ་ཁྲིད་ཟུང་འབྲེལ”གྱི་གཞི་གཅིག་ཅན་གྱི་ཞབས་ཞུ་མངོན་འགྱུར་བྱུང་ནས་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་མགྲིན་གཅིག་ཏུ་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།