“ཏང་འཛུཌ་སྐྱོང་དང་ཁེ་ལས”ཟུང་འབྲེལ་ལ་བརྟེན་ནས་གཅེས་སེམས་མཚོན་པར་བྱས་པ།
གོ་འཇོ་རྫོང་གི་སློབ་རོགས་བྱ་སྤྱོད་ལས་ཤུགས་ཚད་དང་དྲོད་ཚད་གཉིས་ཀ་མངོན་པ།
ད་ལོ་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་དུ་རྫོང་ཨུད་རྩ་འཛུགས་པུས་སྣེ་ཁྲིད་དང་ས་གནས་དེ་གའི་ཁེ་ལས་ཞུགས་པའི་སློབ་རོགས་བྱ་སྤྱོད་ཅིག་སྤེལ་ནས། དཀའ་ངལ་ཡོད་པའི་སློབ་མར་ཕུགས་འདུན་སྒྲུབ་རོགས་བྱས་པ་རེད།
“རོགས་སྐྱོར་ཐོབ་པར་བརྟེན་ཁྱིམ་ཚང་གི་དཔལ་འབྱོར་གནོན་ཤུགས་ཆུང་དུ་ཕྱིན་པ་མ་ཟད། ངས་ཏང་དང་སྲིད་གཞུང་དང་དེ་བཞིན་ཕ་ཡུལ་གྱི་འབྲེལ་ཡོད་ཁེ་ལས་དག་གི་ཐུགས་ཁུར་དང་དྲོ་སྐྱིད་དེ་བས་ཀྱང་ཚོར་བྱུང”ཞེས་རོགས་སྐྱོར་དང་ལེན་བྱེད་མཁན་སློབ་མ་བསོད་ནམས་གཡང་སྐྱིད་ཀྱིས་གསར་འགོད་པར་བཤད། ཐག་རིང་ཞིང་འབྲོག་ཁུལ་ནས་ཡོང་བའི་བསོད་ནམས་གཡང་སྐྱིད་ཀྱི་ཕ་མས་ཞིང་ལས་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པས་ཡོང་འབབ་ཉུང་ལ་བརྟན་པོ་མེད། 2024ལོར། བསོད་ནམས་གཡང་སྐྱིད་ཕུལ་དུ་བྱུང་བའི་རྒྱུགས་འབྲས་ཐོག་ནས་བོད་ལྗོངས་མི་རིགས་སློབ་ཆེན་གྱི་རབ་འབྱམས་པར་རྒྱུགས་འཕྲོད་མོད། ཡིན་ནའང་སློབ་ཡོན་མཐོ་དྲགས་པའི་དབང་གིས་མ་གཞི་ནས་ཕྱུག་པོ་མེད་པའི་ཁྱིམ་ཚང་དེའི་དཔལ་འབྱོར་ཁུར་པོ་ལྕི་རུ་ཕྱིན་པ་རེད། སྐབས་དེར་བོད་ལྗོངས་ལུམས་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སིས་ཁོ་མོར་རོགས་སྐྱོར་བྱས་པ་རེད།
“སློབ་གསོ་ནི་མི་རབས་ནས་མི་རབས་དབུལ་བཅོས་ཕྱུག་འགྱུར་ཡོང་བའི་རྩ་བའི་ཐབས་ལམ་ཡིན་པས། ཕ་ཡུལ་གྱི་ཕྲུ་གུར་རོགས་སྐྱོར་བྱས་ནས་ཁོང་ཚོ་བློ་བདེ་པོས་སློབ་སྦྱོང་བྱེད་དུ་འཇུག་པ་ནི་ཁེ་ལས་ཤིག་གིས་འཁུར་འོས་པའི་འགན་འཁྲི་ཡིན”ཞེས་བོད་ལྗོངས་ལུམས་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བ་པ་སངས་ཀྱིས་ས་གནས་དེ་གའི་ཁེ་ལས་དང་ས་གནས་མཉམ་དུ་འཕེལ་རྒྱས་གཏོང་བའི་ཐོག་མའི་བསམ་འདུན་བཤད་པ་རེད། 2024ལོའི་ཟླ་བརྒྱད་པར་གོ་འཇོ་རྫོང་ཨུད་རྩ་འཛུགས་པུའུ་དང་མཉམ་དུ་སློབ་རོགས་བྱ་སྤྱོད་སྤེལ་བ་ནས་བཟུང་། ཁེ་ལས་དེས་རིམ་རྩིས་བརྒྱབ་ན་ལོ་རེར་མི་རེར་སྒོར་8000གི་ཚད་གཞིའི་ཐོག་ནས་སློབ་ཆེན་སློབ་མ་23ལ་ཁྱོན་སྒོར་ཁྲི་9.92སྤྲད་པ་རེད། “གལ་སྲིད་ཕྲུ་གུ་ཚོར་དགོས་མཁོ་ཡོད་ཚེ་རྒྱབ་སྐྱོར་བྱེད་མཚམས་འཇོག་གི་མིན”ཞེས་ཁེ་ལས་ཀྱི་འགན་འཁུར་བ་པ་སངས་ཀྱིས་བཤད།
མཉམ་སྒྲུབ་བྱ་སྤྱོད་འདི་སྤེལ་རིང་གོ་འཇོ་རྫོང་ཨུད་རྩ་འཛུགས་པུས“ལས་བྱེད་པ་ཆིག་སྟོང་གྲོང་ཚོ་ཆིག་སྟོང་དུ་སྐྱོད་པ”དང“གཞི་རིམ་དུ་སླེབས་པ་བཞི”སོགས་བྱེད་སྒོ་སྤེལ་བ་བརྒྱུད། ཞིང་འབྲོག་ཁུལ་དུ་བསྐྱོད་དེ་གནས་ཚུལ་མཐིལ་རྟོགས་བྱས་རྗེས། ཕྲུ་གུ་སློབ་གྲྭར་བཏང་བའི་རྐྱེན་གྱིས་ཁྱིམ་ཚང་དབུལ་པོར་གྱུར་པའི་སློབ་མ“མི་རེར་ཡིག་ཚགས་རེ”བཟོས་ནས་ཁྱིམ་ཚང་ཚང་མའི་དཀའ་ངལ་ཁོང་དུ་གནད་འཁེལ་ཆུད་པར་བྱས་པ་དང་། རང་འགུལ་ངང་ཁེ་ལས་དང་སྦྲེལ་མཐུད་བྱས་ནས་སྲིད་འཛིན་ཐོན་ཁུངས་དང་སྤྱི་ཚོགས་སྟོབས་ཤུགས་ཁ་གཏད་སྦྲེལ་མཐུད་ནུས་ལྡན་བྱས་པ། ཀུན་གྱི་སྣེ་ཁྲིད་དེ“སྡེ་ཚན+ཁེ་ལས+སློབ་མ”བཅས་ཕྱོགས་གསུམ་འབྲེལ་གཏུག་ལམ་སྲོལ་བཙུགས་པ་བཅས་བྱས་པས། མ་དངུལ་གཏོང་སྤྲོད་ལ་རྗེས་འདེད་ཐུབ་པ་མ་ཟད། ཕྲུ་གུ་ཚོའི་སེམས་ཁམས་འཚར་ལོངས་དང་དགོས་མཁོ་ཤེས་རྟོགས་ཐུབ་པར་དེ་བས་དོ་ཁུར་ཐུབ་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད། “ཏང་འཛུགས+”རྣམ་པའི་རྩ་འཛུགས་མཐུན་སྦྱོར་གྱིས་སྲིད་ཇུས་ཀྱི་དམིགས་ཡུལ་བཟང་པོ་དང་ཁེ་ལས་ཀྱི་གཅེས་སེམས་གཉིས་མཉམ་དུ་སྦྲེལ་ནས། དཀའ་ངལ་ཡོད་པའི་སློབ་མར་ཕུགས་འདུན་སྒྲུབ་རོགས་བྱེད་ཀྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།