དོན་དག་འཕྲལ་མར་བསྒྲུབས། སེམས་ཁྲལ་དུས་ཐོག་བསལ།
གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་ནུབ་ཁྲོམ་གཞུང་དོན་གཅོད་ཁང་བདེ་ལེགས་སྡེ་ཁུལ་གྱི་བློ་རིག་ལ་བརྟེན་པའི་བཅོས་སྐྱོང་སྐོར་བཀོད་པ།

འདི་ནི་བདེ་ལེགས་སྡེ་ཁུལ་དྲ་མིག་གྲངས་འཛིན་ཅན་གྱི་ཕྱོགས་བསྡུས་དོ་དམ་བཀོད་གཏོང་ལས་སྟེགས་ཡིན་པ།
ཉིན་ཤས་གོང་གྲོང་མི་ཚེ་ནོར་གྱིས“གློག་སྐུད་རྙིང་པ་མང་པོ་སྲང་ལམ་དཀྱིལ་དུ་ཟགས་ནས་འགྲོ་འོང་བྱེད་སྐབས་སྟབས་བདེ་པོ་མིན་འདུག ལྷག་པར་དུ་དགོང་མོར་འགྲོ་སྐྱོད་བྱེད་སྐབས་གློག་སྐུད་ལ་རྐང་པ་འཁོན་ནས་རྡབ་ཉེན་ཆེན་པོ་འདུག འབྲེལ་ཡོད་ཕྱོགས་ནས་ཐག་གཅོད་གནང་རྒྱུའི་རེ་བ་ཞུ་གི་ཡིན”ཞེས་ལན་བཞག་པར། སྡེ་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ཏེ་སྡེ་ཁུལ་དུ་ལས་དོན་མི་སྣ་གནས་ཚུལ་ཞིབ་དཔྱད་བྱེད་པར་བཏང་བ་དང་། “སྡེ་ཁུལ་གྱི་དྲ་མིག་པ་དང་སྤྱི་ཚོགས་ལས་དོན‘ཨུ་ལྷན་གཉིས’ཀྱི་ཚན་ཁག་གིས་ཕན་མེད་གློག་སྐུད་རྙིང་པ་ཚང་མ་གཙང་སེལ་བྱས་པ་ཡིན། ད་ལྟ་ལེགས་སྒྲིག་བྱེད་བཞིན་ཡོད” “ད་ལེགས་སྒྲིག་བྱས་ཟིན”ཞེས་སྔ་རྗེས་སུ་ལན་བསློཌ། ཉེ་ཆར་ཚེ་ནོར་གྱིས“གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱུང་སོང་། སྡེ་ཁུལ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ལན་བཞག་ཡོད།
གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་ནུབ་ཁྲོམ་གཞུང་དོན་གཅོད་ཁང་བདེ་ལེགས་སྡེ་ཁུལ་གྱི་དམངས་ཕན་ཞབས་ཞུའི་ལྟེ་གནས་སུ། དྲ་མིག་གྲངས་འཛིན་ཅན་གྱི་ཕྱོགས་བསྡུས་དོ་དམ་བཀོད་གཏོང་ལས་སྟེགས་ཀྱི་བློ་རིག་བརྙན་ཤེལ་ཆེན་པོ་ནས་གནད་དོན་སྙང་སེང་ཞུས་པ་ནས་ཐག་གཅོད་བྱས་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོ་ཞིབ་ཕྲ་སྟོན་གྱི་ཡོད།
སྡེ་ཁུལ་གྱི་དྲ་མིག་ས་ཚིཌ་ཨང་10པར“དམངས་ཕན་ཞབས་ཞུའི་ཨང་རྟགས”ཤིག་ཡོད་པ་དེ་མངོན་གསལ་ཤིན་ཏུ་དོད་ཅིང་། དེའི་སྟེང་དུ“གནད་དོན་སྙན་སེང་ཞུ་བའི་ཨང་རྟཌ”དང་། “ཞབས་འདེགས་ཞུ་མཁན་གྱི་ཨང་རྟགས” “དམངས་ཕན་སྲིད་ཇུས་ཀྱི་ཨང་རྟགས”བཅས་གསལ་པོར་བཀོད་པ་མ་ཟད། དེའི་ཟུར་དུ་ཛ་དྲག་རོཌ་སྐྱོབ་དང་ཞབས་ཞུའི་ཁ་པར་ཨང་གྲངས་ཀྱང་བཀོད་ཡོད།
དེ་གོང་གྲོང་མི་དངོས་གྲུབ་ཀྱིས་ལམ་ཁར་གློག་ཤིང་རྙིང་པ་འགའ་ཞིག་ཡོད་པ་དེས་འགྲིམ་འགྲུལ་ལ་འགོག་རྐྱེན་བཟོ་བ་མ་ཟད། ད་དུང་དགོང་མོ་རྐང་ཐང་མར་འགྲོ་སྐབས་རྡུང་ཁ་ཐེབས་སྲིད་པའི་གནས་ཚུལ་ཤེས་རྟོགས་བྱུང་བས། འཕྲལ་མར་པར་འགའ་ཞིག་བརྒྱབ་པ་དང་དེ་ནས“གནད་དོན་སྙན་སེང་ཞུ་བའི་ཨང་རྟགས”བཤེར་ཏེ། གཞི་རྩའི་གནས་ཚུལ་དང་གནད་དོན་ཞིབ་པར་བཀོད་དེ་པར་རིས་དང་བཅས་པ་ལས་སྟེགས་ལ་བསྐུར་བས། གནད་དོན་དེ་དྲ་མིག་གྲངས་འཛིན་ཅན་ཕྱོགས་བསྡུས་དོ་དམ་བཀོད་གཏོང་ལས་སྟེགས་ཀྱི“བསམ་འཆར་བསྡུ་རུབ་སྒམ་ཆུང”ལ་འབྱོར། “ཉིན་གསུམ་ཡང་མི་འགོར་བར་ཁོང་ཚོས་གློག་ཤིང་རྙིང་པ་ཚང་མ་དབོར་སོང”ཞེས་དངོས་གྲུབ་ཀྱིས་འཛུམ་མདངས་རྒྱས་བཞིན་བཤད།
བདེ་ལེགས་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཉི་མ་ཕུན་ཚོགས་ཀྱིས་གསར་འགོད་པར“ཨང་རྟགས་བཤེར་ནས་སྙན་སེང་ཞུས་ན་ལམ་སེང་སྒྲུབ་ཐུབ། ང་ཚོའི་སྡེ་ཁུལ་གྱི་གྱང་ལྡེབས་སུ‘དམངས་ཕན་ཞབས་ཞུའི་ཨང་རྟགས’81སྦྱར་བ་མ་ཟད། ད་དུང་རྩ་གཉིས་ཨང་རྟགས་2000ལྷག་ཙམ་པར་སློག་བརྒྱབ་ནས་ཁྱིམ་ཚང་སོ་སོར་སྤྲད་ཡོད། དམངས་ཕན་རྩ་གཉིས་ཨང་རྟགས་བཤེར་ནས་དྲ་བའི་གྲངས་འཛིན་ཅན་གྱི་ཕྱོཌ་བསྡུས་དོ་དམ་བཀོད་གཏོང་ལས་སྟེགས་སྦྲེལ་མཐུད་བྱས་ན། མང་ཚོགས་ཚོས་ཁྱིམ་གྱི་སྒོ་འགྲམ་ནས་ལག་ཐོགས་ཁ་པར་སྤྱད་དེ་ཨང་རྟགས་བཤེར་ནས་སྙན་སེང་ཞུས་ན། གནད་དོན་གང་ཡིན་རུང་སྤྱིར་ན་ཚང་མ་ཐག་གཅོད་བྱེད་ཐུབ”ཅེས་བཤད།
གསར་འགོད་པས་ལག་ཐོགས་ཁ་པར་སྤྱད་དེ“དམངས་ཕན་སྲིད་ཇུས་ཀྱི་ཨང་རྟགས”བཤེར་བས“གྲོང་ནུབ་ཁྲོམ་གཞུང་དོན་གཅོད་ཁྲུའུ་བདེ་ལེགས་སྡེ་ཁུལ་མང་ཚོགས་ཀྱི་དམངས་ཕན་འབྲེལ་ཡོད་སྲིད་ཇུས”འཕྲལ་དུ་གསལ་ཞིང་། ཤང་གི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ཁ་གསབ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་སྲུང་སྲིད་ཇུས། རྒན་རྒོན་གྱི་བདེ་ཐང་ཁ་གསབ། བདག་དབང་ལག་ཁྱེར་སྒྲུབ་རིམ་སོགས་སྲིད་ཇུས་སྣ་ཚོགས་བོད་རྒྱ་ཡིག་རིགས་གཉིས་ནས་གསལ་པོར་མངོན་པ་དེ་མནན་ཚེ་ཞིབ་ཕྲའི་གནས་ཚུལ་གསལ་པོ་རྟོགས་ཐུབ་ཀྱི་ཡོད། “ཞབས་འདེགས་ཞུ་མཁན་གྱི་ཨང་རྟགས”བཤེར་ཚེ་དྲ་མིག་འགོ་དཔོན་དང་། དྲ་མིག་པ། དྲ་མིག་ཉེན་རྟོག་པ། དྲ་མིག་སྨན་པ་སོགས་ཀྱི་ཆ་འཕྲིན་གསལ་པོ་ཤེས་ཐུབ། “གནད་དོན་དང་དཀའ་ངལ་འཕྲད་ཚེ་དུས་དང་རྣམ་པ་ཀུན་ཏུ་ཁོང་ཚོར་འབྲེལ་གཏུག་བྱེད་ཐུབ་པས། ཧ་ཅང་སྟབས་བདེ་ལ་ཕན་ཐོགས་ཀྱང་ཆེན་པོ་འདུག”ཅེས་དངོས་གྲུབ་ཀྱིས་མཐེ་བོང་སྒྲེང་བཞིན་བཤད།
ཡོན་ཏན་གྱིས་གསར་འགོད་པར། ལས་སྟེགས་དེའི་ཕྱོགས་མང་ཁ་པར་གཏོང་ལེན་གྱི་ནུས་པ་བརྒྱུད། ཁོང་ཚོས་སྡེ་ཁུལ་གྱི་ས་གནས་ཁག་གི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་དང་། དྲ་མིག་པ་དང་སྡེ་ཁུལ་གྱི་ལས་དོན་པ་དུས་ཐོག་ཏུ་བཀོད་གཏོང་ཐུབ་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་ཐུབ་ཅེས་བཤད། དྲ་མིག་གྲངས་འཛིན་ཅན་གྱི་ཕྱོགས་བསྡུས་དོ་དམ་བཀོད་གཏོང་ལས་སྟེགས་ལས་མངོན་པར་གཞིགས་ན། འདི་ལོ་མང་ཚོགས་ཀྱི་རེ་འདུན་ཁག་76དང་ལེན་བྱས་པ་དང་། རེ་འདུན་ཁག་71ཐག་གཅོད་བྱས་ཟིན་པ། དེ་བྱིངས་ཀྱི་རེ་འདུན་ཁག་5གོང་རིམ་གྱིས་མཉམ་འགུལ་ཐག་གཅོད་བྱེད་དགོས་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།