རང་ལྗོངས་སུ་རང་ཡུལ་གྱི་རྨང་གཞིའི་སྒྲིག་བཀོད་གསར་པའི་དམིགས་བསལ་རིམ་པའི་འོས་ཐོབ་ཀྱི་ཁེ་ལས་མེད་པ་ནས་ཡོད་པར་གྱུར་པ།
ཉིན་ཤས་གོང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་ཞིབ་དཔྱད་ཆོག་འཐུས་སྤྲད་པའི་2025ལོའི་འཛུགས་སྐྲུན་ལས་གྲྭའི་ཁེ་ལས་ཀྱི་འོས་ཐོབ་མིང་ཐོ་ཁག་བཅུ་གཅིག་པའི་སྤྱི་བསྒྲགས་ཡོངས་བསྒྲགས་བྱས་པ་དང་། བོད་ལྗོངས་ཐན་ཧྲུན་ལམ་ཟམ་ལས་གྲྭ་ཚད་ཡོད་ཀུང་སིར་གཞུང་ལམ་ལས་གྲྭ་ཨར་སྐྲུན་གྱི་སྤྱི་ཡོངས་འགན་གཙང་ལེན་ཆོག་པའི་དམིགས་བསལ་རིམ་པའི་འོས་ཐོབ་བདེ་བླག་ངང་རག་པ་དེ་ལས་རང་ལྗོངས་ཀྱི་རང་ཡུལ་གྱི་རྨང་གཞིའི་སྒྲིག་བཀོད་གསར་པའི་ཁེ་ལས་དངོས་སུ་རྒྱལ་ཡོངས་སྔོན་ཐོན་གྱི་ཨར་སྐྲུན་ཁེ་ལས་གྲས་སུ་ཚུད་པ་མཚོན་ཞིང་། རང་ལྗོངས་ཀྱི་རང་ཡུལ་གྱི་རྨང་གཞིའི་སྒྲིག་བཀོད་གསར་པའི་དམིགས་བསལ་རིམ་པའི་འོས་ཐོབ་ཀྱི་ཁེ་ལས་མེད་པ་ནས་ཡོད་པར་གྱུར་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དམིཊ་བསལ་རིམ་པའི་འོས་ཐོབ་ནི་རང་རྒྱལ་གྱི་ཨར་སྐྲུན་ལས་རིགས་ཁྲོད་འོས་ཐོབ་རིམ་པ་མཐོ་ཤོས་དེ་ཡིན་པ་དང་། དེས་ཁེ་ལས་ཀྱི་ལག་རྩལ་སྟོབས་ཤུགས་དང་། དོ་དམ་ཆུ་ཚད། མ་རྩའི་སྟོབས་ཤུགས། ལས་རྗེས་གསོག་འཇོག་སོགས་ཕྱོགས་ཁག་ཚང་མ་རྒྱལ་ནང་གི་སྔོན་ཐོན་ཚད་གཞིར་སླེབས་པ་མཚོན་གྱི་ཡོད།
འབྲེལ་ཡོད་གསར་འགྱུར།