དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བཅུ་པའི་བར།

    ​གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཁེ་ལས་ལ་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་ཁྲི་19བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-09

    ◆ ཟླ་དང་པོ་ནས་བཅུ་པའི་བར། གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཁེ་ལས་ལ་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་ཁྲི་19བྱུང་བ་དེ་དུས་མཚུངས་ལས་1.9%འཕར་བ་དང་། ཁེ་སྤོགས་སྒོར་དུང་ཕྱུར་ཁྲི་1.14བྱུང་བ་དེ་དུས་མཚུངས་ལས་1.6%འཕར་ཡོད།

    ◆ ཟླ་དང་པོ་ནས་བཅུ་པའི་བར། གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་5.8%འཕར་ཡོད།

    ◆ ཟླ་དང་པོ་ནས་བཅུ་པའི་བར། ཡང་བའི་བཟོ་ལས་ཀྱི་ཚོང་ཟོག་རིགས་11གི་སིལ་ཚོང་ཡོང་འབབ་སྒོར་དུང་ཕྱུར་71019ཟིན་པ་དེ་དུས་མཚུངས་ལས་9.8%འཕར་ཡོད།

    གསར་འགོད་པར་ཀྲུང་གོ་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། ཟླ་དང་པོ་ནས་བཅུ་པའི་བར། གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཁེ་ལས་ལ་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་ཁྲི་19བྱུང་བ་དེ་དུས་མཚུངས་ལས་1.9%འཕར་བ་དང་། ཁེ་སྤོགས་སྒོར་དུང་ཕྱུར་ཁྲི་1.14བྱུང་བ་དེ་དུས་མཚུངས་ལས་1.6%འཕར་ཡོད། འཕར་སྣོན་བརྟན་པོ་དང་ནང་མཁོ་རྒྱ་སྐྱེད་གཏོང་བའི་སྲིད་ཇུས་རབ་དང་རིམ་པའི་རྒྱབ་སྐྱོར་འོག ཡང་བའི་བཟོ་ལས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་འཕེལ་ཕྱོགས་བརྟན་པོ་བྱུང་སྟེ་འཕེལ་རྒྱས་ཀྱི་མཉེན་ཆ་ཅུང་ཆེན་པོ་མངོན་ཡོད་པ་རེད།

    ཐོན་སྐྱེད་སྤྱིའི་ཆ་ནས་བརྟན་པོ་བྱུང་ཞིང་། ཟླ་དང་པོ་ནས་བཅུ་པའི་བར། གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་5.8%འཕར་ཡོད། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ཀྱི་དྲིན་ལས། འཁོར་གཉིས་འཕྲུལ་འཁོར་དང་། གློག་རྫས། སྤོས་འགྱིག་ཁྱིམ་ཆས་བཅས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་མུ་མཐུད་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས། ཁྱིམ་སྤྱོད་གློག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་5.5%འཕར་བ་དང་། དེའི་ནང་གོས་འཁྲུད་འཕྲུལ་ཆས་དང་དྲོད་སྙོམས་འཕྲུལ་ཆས་ཐོན་སྐྱེད་བྱེད་ཚད་ཁག་སོ་སོར་6.4%དང་3%འཕར་ཡོད་པ་རེད།

    ནང་མཁོ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་། ཟླ་དང་པོ་ནས་བཅུ་པའི་བར། ཡང་བའི་བཟོ་ལས་ཀྱི་ཚོང་ཟོག་རིགས་11གི་སིལ་ཚོང་ཡོང་འབབ་སྒོར་དུང་ཕྱུར་71019ཟིན་པ་དེ་དུས་མཚུངས་ལས་9.8%འཕར་ཡོད། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་གསར་པ་འདོན་ཤུགས་ཆེ་རུ་དང་རྒྱ་ཆེར་བཏང་བས་འབྲེལ་ཡོད་ཚོང་ཟོག་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཟླ་དང་པོ་ནས་བཅུ་པའི་བར། ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་བྱད་རིགས་ཀྱི་ཚོང་ཟོག་གི་སིལ་ཚོང་དངུལ་འབོར་20.1%འཕར་ཏེ། ལོ་གོང་མའི་ཟླ་དགུ་པ་ཚུན་དུ་གྲངས་གནས་གཉིས་འཕར་རྒྱུ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། ཚོང་ཟོག་གསར་རྙིང་བརྗེ་རིང་། ནུས་ཕྱོད་ཆེ་བ་རིམ་པའི་ཁྱིམ་སྤྱོད་གློག་ཆས་མུ་མཐུད་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།