“ཆན་ཁའེ་ནས་ཧྲང་ཧའེ་བར”གྱི་མཚོ་ཐོག་སྐྱེལ་འདྲེན་གྲུ་ལམ་གྱི་ཕྱིར་གཏོང་ནང་འདྲེན་གྱི་ཟོག་ཐང་སྒོར་དུང་ཕྱུར་50ལྷག་ཙམ་ཟིན་པ།

འདི་ནི་ཧྲང་ཧའེ་དབྱང་ཧྲན་གྲུ་ཁར་ཁ་བཀག་པའི“ཆན་ཁའེ་ནས་ཧྲང་ཧའེ་བར”གྱི་མཚོ་ཐོག་སྐྱེལ་འདྲེན་གྲུ་ལམ་གྱི་གྲུ་གཟིངས་ཡིན་པ། (ཧྲང་ཧའེ་འགག་སྒོ་ལས་ཁུངས་ཀྱིས་པར་རིས་མཁོ་འདོན་བྱས)
ཧྲང་ཧའེ་འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལ་གཞིགས་ན། “ཆན་ཁའེ་ནས་ཧྲང་ཧའེ་བར”གྱི་མཚོ་ཐོག་སྐྱེལ་འདྲེན་གྲུ་ལམ་གྱི་ཕྱིར་གཏོང་ནང་འདྲེན་གྱི་ཟོག་ཐང་སྒོར་དུང་ཕྱུར་53.5ཟིན་པ་དང་། ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་ཏུན་ཁྲི་19.7ཟིན་ཡོད། “ཆན་ཁའེ་ནས་ཧྲང་ཧའེ་བར”གྱི་མཚོ་ཐོག་སྐྱེལ་འདྲེན་གྲུ་ལམ་ཤར་གཏོང་ཐུབ་པ་ལས་ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་པོའི་དབར་དུ་མཚོ་ཐོག་བརྒྱུད་ཚོང་ཟོག་སྐྱེལ་འདྲེན་བྱེད་པའི་དུས་ཚོད་དེ་སྔའི་ཉིན་35—40བར་ནས་ཉིན་23བར་ཐུང་དུ་ཕྱིན་ཏེ། ཁེ་ལས་ལ་ཚོང་ཟོག་སྐྱེལ་འདྲེན་གྱི་མ་གནས་20%ཙམ་གྲོན་ཆུང་ཐུབ་ཡོད་པ་རེད།
གྲུ་ལམ་དེའི་སྣེ་ཁྲིད་འོག ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། ཧྲང་ཧའེ་ཡིས་ཕེ་རུར་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱས་པའི་རིན་ཐང་དུས་མཚུངས་ལས་47.1%འཕར་ཡོད། ཕེ་རུ་ཕྱོགས་ཀྱི་བསྡོམས་རྩིས་ལ་གཞིགས་ན། ད་ལོའི་ཟླ་དང་པོ་ནས་དགུ་པའི་བར། ཕེ་རུའི་ཕྱི་ཕྱོགས་ཚོང་དོན་ལ་གསོན་ཤུགས་མངོན་གསལ་དོད་པོ་རྒྱས་ནས་ཕྱིར་གཏོང་དངུལ་འབོར་དུས་མཚུངས་ལས་17.3%འཕར་བ་དང་། ཀྲུང་གོ་ནི་དེའི་ཕྱིར་གཏོང་བྱ་ཡུལ་གྱི་རྒྱལ་ཁབ་ཆེན་པོ་དང་པོ་དེ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།