རང་རྒྱལ་གྱི་ཀུན་ཁྱབ་དང་ཆེད་ལས་མཉམ་འདྲེས་ཀྱི་རྨོ་འདེབས་དཔེ་དབྱིབས་ཐོག་མ་ཁྱབ་བསྒྲགས་བྱས་པ།
གསར་འགོད་པས་ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཞིང་ལས་ཐོན་ཁུངས་དང་ཞིང་ལས་ཁུལ་དབྱེ་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱས་པར། ཉེ་ཆར། སུའོ་དེས་རྨོ་འདེབས་ཀྱི་དཔེ་དབྱིབས་ཆེན་པོ་1.0དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། དེ་ནི་རང་རྒྱལ་གྱིས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་དང་། རྨོ་ཞིང་ལ་སྲུང་སྐྱོང་། སྤུས་ཚད་མཐོར་གཏོང་བཅས་ལ་དམིགས་པའི་དཔེ་དབྱིབས་སྣ་མང་གི་རིག་ནུས་དཔེ་དབྱིབས་ཐོག་མ་དེ་རེད།
དཔེ་དབྱིབས་དེ་ནི་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཐང་ཧྭ་ཅུན་གྱིས་སྣེ་ཁྲིད་དེ་གསར་དུ་བཏོད་པ་ཞིག་ཡིན་པ་དང་། “ཀུན་ཤེས་ཀྱི་དཔེ་དབྱིབས་ཆེན་པོ་དང་། ཁྱབ་ཁོངས་ཀྱི་ཤེས་བྱ། ཐད་དཔྱང་ཡོ་བྱད་འཁོར་འབྲེལ་བཅས་ཟུང་དུ་འབྲེལ་བའི”མཐུན་སྦྱོར་རིག་ནུས་སྒྲོམ་གཞི་སྤྱད་པ་ཞིག་རེད། དེས་རྨོ་ཞིང་བེད་སྤྱོད་ཀྱི་ཡུལ་དུས་འགྱུར་ལྡོག་ལ་རང་འགུལ་ངང་ཞིབ་དཔྱད་ཚད་ལེན་ཐུབ་པ་མ་ཟད། “ཞིང་མིན་ཅན”དང“འབྲུ་མིན་ཅན”སོགས་མངོན་མེད་ཉེན་ཁར་སྔ་ས་ནས་ཉེན་བརྡ་གཏོང་གི་ཡོད་པ་མ་ཟད། ད་དུང་ཞིང་ཁའི་རྨང་གཞིའི་སྒྲིག་བཀོད་ལ“འཐུས་ཚང་བརྟག་དཔྱད”བྱེད་ཐུབ་པ་དང་སྦྲགས། གནམ་གཤིས་དང་ལོ་ཏོག་གི་དཔེ་དབྱིབས་དང་ཟུང་འབྲེལ་བྱས་ཏེ། འགུལ་ཚུལ་གྱི་ཞིང་ལས་ལས་དོན་ཐག་གཅོད་བྱེད་ཐབས་གྲུབ་ནས། རྨོ་ཞིང་གི་དུས་འཁོར་ཧྲིལ་པོའི་དོ་དམ་ལ་རིག་ནུས་ཅན་གྱི་མཐུན་རྐྱེན་སྦྱར་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། རྨོ་ཞིང་གི་དཔེ་དབྱིབས་ཆེན་པོ་1.0དེས་རང་རྒྱལ་གྱིས་རིག་ལྡན་རྨོ་ཞིང་སྲུང་སྐྱོང་ཁྱབ་ཁོངས་སུ་འགག་རྩའི་རང་བཞིན་གྱི་ལག་རྩལ་འགག་སྒྲོལ་ཐུབ་པར་ཕན་ཐོགས་པ་དང“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པར་རིག་ནུས་ཅན་གྱི་ཡོ་བྱད་ཀྱི་འདེགས་སྐྱོར་གསར་རྐྱང་ཞིག་མཁོ་འདོན་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།