དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ།

    ཉིང་ཞའི་གནས་སྤོས་ཡུལ་མི་ཁྲི་བརྒྱ་ཁྱིམ་གཞིས་གསར་པར་གཞིས་ཆགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཞུས་ཡོན་ཧྥེང་དང་ཀྲང་ཝུན།   |     སྤེལ་དུས།  2025-12-09

    ཝེ་ཧྲེང་ཏེ་ནི་ཉིང་ཞའི་ལྷོ་རྒྱུད་རི་ཁུལ་གྱི་གནས་སྤོས་ཡུལ་མི་ཞིག་ཡིན་པ་དང་། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཝུའུ་ཀྲུང་གྲོང་ཁྱེར་ཧུང་སི་པའོ་ཆུས་ཤིན་ཀྲོང་ཅི་ཤང་དབྱང་ལིའུ་གྲོང་ཚོར་སྡོད་ཀྱི་ཡོད། མི་རིང་བའི་གོང་ས་གནས་དེ་གའི་དྲོད་ཚད་གློ་བུར་དུ་ཆག་པས་ཝེ་ཧྲེང་ཏེའི་བེའུ་གཉིས་ཤི་བ་རེད། གྲོང་ཚོའི་ལས་བྱེད་པའི་རོགས་རམ་འོག་ཁོ་པར་ཞིང་ལས་འགན་བཅོལ་གྱི་སྐྱིན་ཚབ་རག་པ་དང་། དེའི་ཁར་ཕྱིར་གླ་པ་རྒྱུག་པའི་གླ་ཕོགས་བསྣན་ན་ཡོང་འབབ་འཕར་བ་ལས་ཆག་མེད།

    ཉིང་ཞའི་ལྷོ་རྒྱུད་རི་ཁུལ་གྱི“ཡུལ་ཕྱོགས་གཅིག་གིས་ཡུལ་ཕྱོགས་དེའི་མི་གསོ་མི་ཐུབ་པའི”དཀའ་གནད་ཐག་གཅོད་བྱ་ཆེད། ཉིང་ཞ་ཡིས་སྔ་རྗེས་སུ་གཞི་ཁྱོན་ཆེ་བའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ཐེངས་དྲུག་ལག་ལེན་བསྟར་བའི་ནང་མི་ཁྲི་123ཚུད་ཡོད། ཆུ་བེད་ལེ་ལག་དང་། ས་རྒོད་གསར་སྦོལ། སྡོད་ཁང་ལེགས་བཅོས་སོགས་ཀྱི་རྣམ་གྲངས་ལ་སྐུལ་འདེད་བཏང་བ་བརྒྱུད། གནས་སྤོས་ཡུལ་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་མཐུད་ལེགས་སུ་ཕྱིན་ནས་2024ལོར་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་16481ཟིན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཉིང་ཞའི་ལྷོ་རྒྱུད་རི་ཁུལ་གྱི་གནས་སྤོས་ཡུལ་མི་ཚོ་ཐུགས་ལ་བཞག་ནས་ཉིང་ཞ་ལ“གནས་སྤོས་ཡུལ་མིའི་གནས་སྤོས་རོགས་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ། གནས་སྤོས་མང་ཚོགས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པར་འགན་ལེན་བྱེད་དགོས་པ”དང་། “གནས་སྤོས་ཡུལ་མི་ཁྲི་བརྒྱའི་ཕྱུག་འགྱུར་རིམ་སྤོར་བྱ་སྤྱོད་ལག་ལེན་ཡག་པོ་བསྟར་དགོས་པའི”མངགས་བཅོལ་ཟབ་མོ་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཉིང་ཞ་ཡིས་གནས་སྤོས་ཡུལ་མི་གནས་སྤོ་བྱེད་པའི་རྗེས་མཐུད་ལས་དོན་མུ་མཐུད་ལེགས་པར་བསྒྲུབས་པ་དང་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་བཏང་བས། གནས་སྤོས་ཡུལ་མི་ཁྲི་བརྒྱ་ཁྱིམ་གཞིས་གསར་པར་གཞིས་ཆགས་ནས་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་ལེགས་སུ་ཕྱིན་ཡོད།

    ཐོན་ལས་སྐྱེད་སྲིང་དང་ལས་ཞུགས་ལ་སྐུལ་འདེད་བཏང་བས་ཕྱུག་འགྱུར་གྱི་འཇོན་ཐང་ཆེ་རུ་ཕྱིན་པ།

    ཆིང་ཐུང་ཞ་གྲོང་ཁྱེར་ཧྲའོ་ཀང་གྲོང་རྡལ་ཀན་ཁྲེང་ཙི་གྲོང་ཚོར་གྲོང་མི་ལིན་ཅིན་ཧྥང་དངོས་ཟོག་བླུགས་བཞིན་ཡོད།

    “ཀུ་ཤུ་མུའུ་12བཏབ་པ་ཡིན། ཁག་གཅིག་ཉོ་སྒྲུབ་ཚོང་པར་བཙོངས་ཟིན། ཁག་གཅིག་གྲོང་ཚོའི་ལས་སྣོན་བཟོ་གྲྭར་བསྐྱལ་ནས་ཤིང་ཏོག་སྐམ་པོ་བཟོ་རྩིས་ཡོད། མུའུ་རེ་ནས་ཡོང་འབབ་སྒོར་ཁྲི་2ཙམ་བྱུང”ཞེས་ལིན་ཅིན་ཧྥང་གིས་དགོད་བཞིན་བཤད།

    ཀན་ཁྲེང་ཙི་གྲོང་ཚོ་ནི་དུས་རབས་གོང་མའི་ལོ་རབས་80པར་ཆགས་པའི་གནས་སྤོས་གྲོང་ཚོ་ཞིག་རེད། སྐབས་དེ་དུས་གནས་སྤོས་ཡུལ་མི་ཚོས་ཐང་རྒོད་ཐོག་ཀུ་ཤུ་བཏབ་པས། ད་ཆ་ཀུ་ཤུ་ནི་མིང་དོན་མཚུངས་པའི“ཕྱུག་འགྱུར་གྱི་འབྲས་བུ”ཞིག་ཏུ་གྱུར་ཡོད།

    “ཏང་ཨུད་དང་སྲིད་གཞུང་རིམ་པ་ཁག་གིས་ང་ཚོའི་ཀུ་ཤུའི་སྣ་ཁ་ལེགས་སུ་གཏོང་བ་དང་དོ་དམ་བྱེད་སྟངས་ལེགས་སུ་གཏོང་བར་རོགས་རམ་བྱས་པ་མ་ཟད། ད་དུང་གྲང་མཛོད་དང་ཤིང་ཏོག་ལས་སྣོན་བཟོ་གྲྭ་སོགས་སྐྲུན་རོགས་ཀྱང་བྱས་བྱུང་། ད་ལོ་གྲོང་ཚོའི་མཉམ་སྡེབ་ཀྱི་ཡོང་འབབ་སྒོར་ཁྲི་150ལས་བརྒལ་ཐུབ་རེ་ཡོད”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལིའུ་ཞི་གོ་ཡིས་བཤད།

    ཞན་ཆ་སེལ་བ་དང་ལག་རྩལ་ནང་འདྲེན་བྱས་རྗེས། ཉིང་ཞའི་གནས་སྤོས་ས་ཁུལ་གྱིས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་དང་། ཁྱིམ་ཚང་ཞིང་ར། ཞིང་པའི་མཉམ་ལས་ཁང་སོགས་གཉེར་སྐྱོང་བྱེད་པོ་གསར་པར་རོགས་སྐྱོར་ཤུགས་ཆེན་བྱས་ཏེ། ཞིང་ལས་ཐོན་ལས་ཉམས་ཞན་ནས་སྟོབས་ཆེར་གྱུར་ཡོད།

    ད་ལོ་ནས་ཉིང་ཞའི་གནས་སྤོས་ས་ཁུལ་དུ་གསོ་སྤེལ་ཁང་ཁྲི་8.1བསྐྲུན་པ་དང་། འདེབས་འཛུགས་གླིང་290ལྷག་ཙམ་འཕེལ་རྒྱས་བཏང་བ། ཞིང་ལས་སྣེ་འདྲེན་ཁེ་ལས་300ལྷག་ཙམ་ནང་འདྲེན་བྱས་པ་མ་ཟད། ལས་ནུས་གསོ་སྦྱོང་དང་ངལ་ནུས་ཕྱིར་གཏོང་སྒྲིག་འཛུགས་སོགས་བརྒྱུད་དེ་གནས་སྤོས་ངལ་རྩོལ་ནུས་ཤུགས་མི་ཁྲི་32ལས་ཞུགས་ཐུབ་པར་བྱས་ཡོད།

    སྒྲིག་བཀོད་ལེགས་སུ་གཏོང་བ་དང་གྲོང་ཚོའི་རྣམ་པ་མཛེས་སུ་བཏང་བས་གནས་འཕྲོད་ཆུ་ཚད་མཐོ་རུ་ཕྱིན་པ།

    ཀྲུང་ཝེ་གྲོང་ཁྱེར་ཧྲ་ཕོ་ཐོའུ་ཆུས་ཡུང་ཁང་གྲོང་རྡལ་ཡུང་ལེ་གྲོང་ཚོའི་ལམ་འགྲམ་དུ་འགྲེམས་སྟོན་བྱས་པའི་པར་ལེན་བརྩམས་ཆོས་ནི་གྲོང་མི་ཚོས་པར་བརྒྱབ་པའི་མཛེས་སྡུག་ལྡན་པའི་འཚོ་བའི་རྣམ་པ་ཞིག་རེད།

    གྲོང་མི་ཧྲང་སི་ཅུན་གྱི་ཁྱིམ་དུ་སྐྱོད་སྐབས། ཁང་པའི་ནང་བཏབ་པའི་རྩི་ཤིང་སྣ་ཚོགས་ཀྱིས་ཁང་པ་ཡོངས་གསོན་ཤུགས་རབ་ཏུ་རྒྱས།

    མིག་སྔར། ཉིང་ཞའི་གནས་སྤོས་གྲོང་ཚོ་ཚང་མར་ཨར་འདམ་ལམ་དང་། ཆུ་ཀ་ལ། ཐོན་སྐྱེད་ཐད་སྤྱོད་པའི་གློག་བཅས་ཁྲིད་ཟིན་པ་མ་ཟད། 5Gདྲ་རྒྱ་དང་མྱུར་སྐྱེལ་ཞབས་ཞུ་ཁེབས་ཚད་89%ཟིན་པ་དང་བཙོག་ཆུའི་མདོང་དྲ་ཁེབས་ཚད་64%ཟིན་ཡོད།

    “གྲོང་ཚོ་དང་། སྒོ་ར། ཁོར་ཡུག་བཅས་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་གནས་སྤོས་མང་ཚོགས་བློ་བདེ་བག་ཕེབས་ངང་ཁྱིམ་གཞིས་གསར་པར་གཞིས་ཆགས་ཐུབ་ཡོད”ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་ཐིང་ཀྲང་ཝང་ཅན་གྱིས་གནས་སྤོས་ས་ཁུལ་གྱི་སྤྱི་པའི་ཞབས་ཞུ་དེ་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་ཡོད་ཅེས་ངོ་སྤྲོད་བྱས།

    རིག་གནས་དར་སྤེལ་དང་ཡུལ་སྲོལ་འགྱུར་བས་བསམ་པའི་ཉམས་འགྱུར་གསར་པར་གྱུར་པ།

    ཀྲུང་ཝེ་གྲོང་ཁྱེར་ཀྲུང་ཉིང་རྫོང་གི་གནས་སྤོས་ཡུལ་མི་བཀོད་སྒྲིག་ཁུལ་གྱི་ཞིང་པའི་མཉམ་གཞས་ཚོགས་པ་ས་ཆ་གཞན་དུ་འཁྲབ་སྟོན་བྱེད་པར་ཡང་ཡང་བསྐྱོད་པ་དང་། ཉིང་ཞའི་ལྷོ་རྒྱུད་རི་ཁུལ་གྱི་འཁྲུག་ཆ་དོད་པའི་གཞི་རིམ་ལུས་རྩལ་འགྲན་བསྡུར་དབྱིན་ཁྲོན་དང་ཝུའུ་ཀྲུང་སོགས་སུ་སྐད་གྲགས་ཆོད་ཡོད།

    ཉེ་བའི་ལོ་ཤས་རིང་། ཉིང་ཞས་མ་དངུལ་གཏོང་བ་དང་། སྲིད་ཇུས་འདོན་པ། གཡུལ་ས་འཛུགས་པ་བཅས་བྱས་ཏེ་ཞིང་པ་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་དེ་བས་ལེགས་པ་བསྐངས་ཡོད། མིག་སྔར། ཞིང་པའི་དཔེ་དེབ་ཁང་2200ལྷག་ཙམ་དང་ཞིང་པའི་རིག་གནས་སྒོ་ར་ཆེན་པོ་600ཙམ་ཉིང་ཞའི་གྲོང་ཚོ་ཁག་ཏུ་ཁྱབ་ནས་སྲིད་འཛིན་གྲོང་ཚོ་ཚང་མར་ཕྱོགས་བསྡུས་རིག་གནས་ཞབས་ཞུའི་ལྟེ་གནས་བསྐྲུན་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོའི་ནང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་བ། གྲོང་གསེབ་ལ་གཞི་རྩའི་ཆ་ནས་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་རྒྱུར་སྐུལ་འདེད་བཅས་བཏང་ནས་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས་ཞེས་བཏོན་ཡོད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱས་ཏེ། ཉིང་ཞས་གནས་སྤོས་མང་ཚོགས་ཁྲི་བརྒྱའི་ཕྱུག་འགྱུར་རིམ་སྤོར་བྱ་སྤྱོད་མུ་མཐུད་ལག་བསྟར་གཏིང་ཟབ་བྱས་ནས། རྒྱུན་རྣམ་ཅན་གྱི་དབུལ་ལོག་དབུལ་འགྱུར་སྔོན་འགོག་ལམ་སྲོལ་འཛུགས་རྒྱུར་སྤྱི་འདོམས་བྱེད་པ་དང་ནང་སྐྱེས་སྒུལ་ཤུགས་ཆེ་རུ་བཏང་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བ་བྱེད་ཀྱི་ཡིན”ཞེས་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་དབྱི་ཧྥེ་ཡིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།