དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧེ་ལུང་ཅང་གིས་ས་ཆ་དང་། ནགས་ཚལ། རྩྭ་ཐང་བཅས་བེད་སྤྱོད་ལ་མཉམ་འགུལ་ཞིབ་མཆན་འགོད་རྒྱུ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-09

    ཉིན་ཤས་གོང་ཧེ་ལུང་ཅང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་དང་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་མཉམ་དུ་བརྡ་ཐོ་བཀྲམ་ནས་ས་ཆ་དང་། ནགས་ཚལ། རྩྭ་ཐང་བཅས་བེད་སྤྱོད་ལ་མཉམ་འགུལ་ཞིབ་མཆན་འགོད་རྒྱུ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་རེད།

    འཛུགས་སྐྲུན་རྣམ་གྲངས་ནང་གསར་དུ་བསྣན་པའི་འཛུགས་སྐྲུན་གྱི་ས་ཆ་བེད་སྤྱོད་པའི་ཁྱབ་ཁོངས་སུ་ནགས་ས་དང་རྩྭ་སར་ལག་བསྟར་བྱེད་པའི་མཉམ་འགུལ་ཞིབ་མཆན་ཚུད་ཡོད་པ་དང་། ཞིབ་མཆན་གྱི་སྒྲིག་སྲོལ་དང་དབང་ཚད་རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲེལ་ཡོད་གཏན་འབེབས་ལ་ནན་པོར་གཞིགས་ནས་ལག་བསྟར་བྱེད་དགོས་པ་དང་། རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཚན་གྱིས་རེ་འདུན་ཞུ་ཡིག་ལ་གཅིག་གྱུར་བདག་སྤྲོད་བྱས་ནས། ཞིབ་མཆན་གྱི་དབང་ཚད་ལྡན་པའི་ནགས་ཚལ་དང་རྩྭ་ཐང་གི་གཙོ་གཉེར་སྡེ་ཚན་ལ་ཞིབ་བཤེར་བྱེད་པར་འབུལ་དགོས། ནགས་ཚལ་དང་རྩྭ་ཐང་གི་གཙོ་གཉེར་སྡེ་ཚན་གྱིས་ཁྲིམས་གཏན་འཁེལ་བའི་འགན་འཁྲིར་གཞིགས་ཏེ་ནགས་ཚལ་དང་རྩྭ་ཐང་བེད་སྤྱོད་ཀྱི་ཞིབ་མཆན་འགོད་པ་དང་ཆབས་ཅིག་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཚན་ལ་འབུལ་དགོས་པ་དང་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཚན་གྱིས་ཆོག་མཆན་སྤྲོད་དབང་ཡོད་པའི་མི་དམངས་སྲིད་གཞུང་ལ་འཛུགས་སྐྲུན་གྱི་ས་ཆ་བེད་སྤྱོད་ཀྱི་ཆོག་མཆན་གནང་རྒྱུའི་སྙན་སེང་ཞུས་རྗེས་ཆོག་མཆན་གྱི་ཡིག་ཆ་སྤྲོད་རྒྱུ་རེད།

    མཉམ་འགུལ་ཞིབ་མཆན་ནང་རེ་ཞུའི་དཔྱད་ཡིག་བདག་སྤྲོད་དང་། ས་ཆ་དངོས་ལ་ལྟ་བཤེར། ཞིབ་བཤེར་དང་ཞིབ་མཆན་འགོད་པ་སོགས་བརྒྱུད་རིམ་ཧྲིལ་པོའི་ལས་སྒོ་མཉམ་འདྲེས་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་སྟེ། གཅིག་གྱུར་གྱི་སྐར་ཁུང་ནས་བདག་སྤྲོད་བྱེད་དགོས་ཤིང་། ཞིང་ཆེན་སྲིད་དོན་ཞབས་ཞུའི་དྲ་བའི་ནུས་ཕྱོད་ཆེན་པོས་དོན་དག་གཅིག་སྒྲུབ་པའི་ཆེད་དོན་ཁུལ་དུ་ས་ཆ་བེད་སྤྱོད་ཀྱི་ཞིབ་མཆན་གྱི་དོན་དག་གཅིག“སྐར་ཁུང་གཅིག་ནས་བདག་སྤྲོད”བྱེད་དགོས་པ་དང་། གཅིག་གྱུར་ཐོག་དཔྱད་ཡིག་བེད་སྤྱོད་བྱེད་དགོས་ཤིང་། ཐུན་མོང་རང་བཞིན་གྱི་དཔྱད་ཡིག་བསྐྱར་ཟློས་སུ་སྤྲོད་མི་དགོས་པར་རང་བྱུང་ཐོན་ཁུངས་དང་ནགས་ཚལ་དང་རྩྭ་ཐང་གཙོ་གཉེར་སྡེ་ཚན་གྱིས་དཔྱད་ཡིག་ཆ་ཚང་གཅིག་གི་ཞིབ་བཤེར་མཆན་འགོད་དང་ཞིབ་དཔྱད་མཉམ་སྤྱོད་བྱེད་དགོས། གཅིག་གྱུར་ཐོག་མཆན་བཀོད་བཀའ་ལན་སྤྲོད་དགོས་ཤིང་། ཞིབ་མཆན་བཀོད་རྗེས་ནགས་ཚལ་དང་རྩྭ་ཐང་གཙོ་གཉེར་སྡེ་ཚན་གྱིས་ནགས་ས་དང་རྩྭ་ས་བེད་སྤྱོད་ཀྱི་ཞིབ་མཆན་བསམ་འཆར་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཚན་ལ་འབུལ་དགོས། རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཚན་གྱིས་ས་ཆ་བེད་སྤྱོད་ཀྱི་ཞིབ་མཆན་དོན་དག་གཅིག་གི་སྐར་ཁུང་ནས་ཆོག་མཆན་གྱི་ཡིག་ཆ་གཅིག་གྱུར་ཐོག་སྤྲོད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།