དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་གོ་སྐབས་དེ་བས་མང་བ་ཐོབ་རེ་བྱེད་ཀྱི་ཡོད”

    —— ཨེ་ཅིབ་ཀྱི་ཧྥ་ཐཱ་ལཱ་ཚོཌ་པའི་ཏུང་ཧྲི་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥ་ཐཱ་ལཱར་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧྲེན་ཞའོ་ཞའོ།   |     སྤེལ་དུས།  2025-12-09

    “ལོ་20ལྷག་ཙམ་རིང་ཀྲུང་གོ་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་པ་དང་ཀྲུང་གོའི་ཁྲོམ་ར་རྒྱུན་ཆད་མེད་པར་སྒོ་དབྱེ་དང་རྒྱ་སྐྱེད་དུ་སོང་བ་ངས་དངོས་སུ་མཐོང་བྱུང”ཞེས་ཨེ་ཅིབ་ཀྱི་ཧྥ་ཐཱ་ལཱ་ཚོགས་པའི་ཏུང་ཧྲི་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧ་ལི་ཏེ·ཧྥ་ཐཱ་ལཱ་ཡིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་པ་དང་། ཁོང་གིས། ཀྲུང་གོས་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་སྒྲིག་སྲོལ་གསར་པ་འཛུགས་པར་སྐུལ་འདེད་བཏང་སྟེ་འཛམ་གླིང་ལ་གོ་སྐབས་དེ་བས་མང་བ་བསྐྲུན་ཡོད། འབྱུང་འགྱུར་ཀྲུང་གོ་དང་མཉམ་ལས་སྔར་བས་ཟབ་ཏུ་དང་རྒྱུན་མཐུད་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་ནས་གཉིས་ཁེ་གཉིས་ཕན་ཡོང་བའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    ཧྥ་ཐཱ་ལཱ་ཀོང་ཀྲོའུ་ཚོང་འདུས་དང་ནང་འདྲེན་འགྲེམས་ཚོགས་སོགས་ཀྱི་འགྲེམས་ཚོགས་ལ་ཐེངས་མང་ཞུགས་མྱོང་ཞིང་། ཁོང་གིས་འགྲེམས་ཚོགས་དེ་དག་ནི་འཛམ་གླིང་གི་ཚོང་དོན་ཚོང་ལས་དང་སྤེལ་རེས་བྱེད་པའི་གོ་སྐབས་ཡག་པོ་ཞིག་དང་འཛམ་གླིང་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་དུ་སྤྱོད་པའི་ཀྲུང་གོས་བཙུགས་པའི་སྟེགས་བུ་གལ་ཆེན་ཞིག་རེད། དེའི་ཁྲོད་ནས་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྔར་བས་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གང་མགྱོགས་འཛུགས་པའི་ཆོད་སེམས་ཚོར་བྱུང་། “རྒྱལ་ཁབ་ཁག་གི་ཚོང་དོན་ལས་རིགས་མི་སྣས་ཀྲུང་གོའི་ཁྲོམ་རའི་མདུན་ལམ་ལ་ལྟ་སྟངས་ཡག་པོ་་འཛིན་གྱི་ཡོད”ཅེས་བརྗོད།

    གསར་འགོད་པ་ཡཱ་ལི་ཧྲན་ཏ་རུ་གནས་པའི་ཀོ་མུའུ་ལཱ་རིགས་འབྲེལ་སྡེབ་ཚོང་སྒོ་རྩིས་ཚོང་ཁང་གི་རྒྱ་སེ་མེ་ཏོག་ལྡུམ་རའི་ཚོང་ཁང་དུ་སྐྱོད་སྐབས། ཟོག་སྒྲོམ་སྟེང་དུ“ཀྲུང་གོས་བཟོས་པའི”ཅ་ལག་ལྟ་བས་མི་ངོམ་པ་འདུག ཧྥ་ཐཱ་ལཱ་ཡིས། ཨེ་ཅིབ་ཀྱི་འཛད་སྤྱོད་པས་ཀྲུང་གོའི་ཚོང་ཟོག་ལ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ང་ཚོས་སྤུས་ལེགས་ཐོན་རྫས་ཕྱིར་ཚོང་བྱེད་པར་བློ་རྩེ་གཅིག་ཏུ་གཞོལ་བཞིན་ཡོད་པས་ས་གནས་འདི་གའི་འཛད་སྤྱོད་པས་ཀྲུང་གོའི་ཐོན་རྫས་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། ད་ལོའི་ཟླ་7པར་ཀོ་མུའུ་ལཱ་སྒོ་རྩིས་ཚོང་ཁང་གིས་ཨེར་པའོ་གྲོང་དུ་ཀྲུང་གོའི་ཐོན་རྫས་ཆེད་དོན་འདུ་ཚོགས་ཤིག་འཚོགས་པ་དང་ཐོན་རྫས་ཚང་མ་ཀྲུང་གོ་ནས་དྲངས་པ་ཡིན་པས་འཛད་སྤྱོད་པས་མང་པོ་ཉོ་གི་འདུག་ཅེས་བརྗོད།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཨེ་ཅིབ་དབར་དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་ཕྱོགས་གཉིས་པོའི་འབྲེལ་བ་མུ་མཐུད་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་ནི་ཨེ་ཅིབ་ཀྱི་ཚོང་དོན་རོགས་ཟླ་ཆེ་གྲས་དང་པོ་དང་ནང་འདྲེན་འདྲེན་ཁུངས་རྒྱལ་ཁབ་ཡིན་ལ། ཨེ་ཅིབ་ཀྱི་བཟོ་སྐྲུན་ལས་རིགས་ལ་མ་དངུལ་མང་ཤོས་གཏོང་མཁན་གྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཀྱང་རེད། “ཨེ་ཅིབ་ལ་མཚོན་ན། ཀྲུང་གོ་དང་མཉམ་ལས་ཟབ་ཏུ་གཏོང་བ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ཁེ་ལས་ཤིག་གི་ངོས་ནས་ང་ཚོས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྲོད་དེ་བས་དགེ་མཚན་ལྡན་པའི་འབྲེལ་ཟམ་གྱི་ནུས་པ་འདོན་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོའི་དཔལ་འབྱོར་ལ་མཉེན་གཤིས་ཆེ་བས། ངས་ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལམ་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་གོ་སྐབས་དེ་བས་མང་བ་ཐོབ་ནས་ཨེ་ཅིབ་དང་ཀྲུང་གོའི་སྤུས་ཚད་མཐོ་བའི་མཉམ་ལས་ལ་སྔར་བས་སྐུལ་འདེད་ཐེབས་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་ཧྥ་ཐཱ་ལཱ་ཡིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།