དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དབྱི་ཝུའུ་འགྲེམས་ཚོགས་ལ་གོ་ལ་ཧྲིལ་པོའི་ཐོན་རྫས་རྩེ་གྲ་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-09

    འདི་ནི་ཟླ་12ཚེས་6ཉིན་ཀྲེ་ཅང་དབྱི་ཝུའུ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་2025ལོའི་ཀྲུང་གོ(དབྱི་ཝུའུ)ཕྱི་ཕྱོགས་ཚོང་དོན་བཟོ་གྲྭའི་འགྲེམས་སྟོན་འདུ་ཚོགས་སུ་ཕྱི་རྒྱལ་གྱི་ཚོང་པས་ཁོར་ཡུག་སྲུང་སྐྱོང་གི་དཔེ་གསར་རྐང་གདན་ཉོ་བཞིན་པ།

    ཟླ་12ཚེས་6ཉིན། ཀྲེ་ཅང་དབྱི་ཝུའུ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་དུས་ཡུན་ཉིན་གསུམ་གྱི་2025ལོའི་ཀྲུང་གོ(དབྱི་ཝུའུ)ཕྱི་ཕྱོགས་ཚོང་དོན་བཟོ་གྲྭའི་འགྲེམས་སྟོན་དང་ཀྲུང་གོ་དབྱི་ཝུའུ་རྒྱལ་སྤྱིའི་ཟོག་འགྲེམས་འགྲེམས་སྟོན་དུས་གཅིག་ཏུ་འཚོགས་པ་རེད། སྐབས་འདིའི་འགྲེམས་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི་གོ་ལ་ཧྲིལ་པོའི་ཐོན་རྫས་རྩེ་གྲ་དང་སྦྲེལ་མཐུད་ནུས་ལྡན་བྱེད་ཅེས་པ་དེ་ཡིན་པ་དང་། ཕྱི་ཕྱོགས་ཚོང་དོན་བཟོ་གྲྭ་དང་རྒྱལ་མཚམས་སྒྲོལ་བའི་དྲ་ཚོང་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ཐོན་རྫས་འདེམས་པ་དང་ཟོག་འགྲེམས་ཕན་ཚུན་ཟུང་འབྲེལ་གྱི་སྟེགས་བུ་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།