དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་ཁབ་འགྲོ་བ་མིའི་ཐོབ་ཐང་བྱ་སྤྱོད་འཆར་གཞིའི་སྤེལ་རེས་ཚོགས་པས་ཧིན་རྡུ་ཉི་ཞི་ཡ་དང་མ་ལེ་ཞི་ཡར་འཚམས་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-09

    ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཚོགས་པས་རྒྱལ་ཁབ་འགྲོ་བ་མིའི་ཐོབ་ཐང་བྱ་སྤྱོད་འཆར་གཞིའི་སྤེལ་རེས་ཚོཌ་པ་སྒྲིག་འཛུགས་བྱས་ནས་ཚེས་1ནས་ཚེས་6ཉིན་བར་ཧིན་རྡུ་ཉི་ཞི་ཡ་དང་མ་ལེ་ཞི་ཡར་འཚམས་འདྲི་བྱས་པ་རེད།

    སྤེལ་རེས་ཚོགས་པས་ཧིན་རྡུ་ཉི་ཞི་ཡ་དང་མ་ལེ་ཞི་ཡར“འགྲོ་བ་མིའི་ཐོབ་ཐང་དང་འཕེལ་རྒྱས”དང“གྲངས་འཛིན་དུས་རབས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང”ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུར་ཞུགས་པ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཆེ་གཞོན་པ་ཨ་སི་ཐཱ་ནཱ·ཨ་པུའུ་ཏུའུ་ལེ·ཨ་ཆི་ཙི་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དུ་བཅའ་སྡོད་ཧིན་རྡུ་ཉི་ཞི་ཡའི་སྲིད་གཞུང་དབར་གྱི་འགྲོ་བ་མིའི་ཐོབ་ཐང་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཨན་ཉི་ཐཱ·A·ཝ་ཞི་ཏེ། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་འགྲོ་བ་མིའི་ཐོབ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་ཉི་སི·ཤི་ཏ་ཡཱ། མ་ལེ་ཞི་ཡའི་ཙུང་ལིའི་ལས་ཤག་བཅའ་ཁྲིམས་པུའི་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཁའེ་དབུན·ཀེ·མོང་ཁེན་སོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་དཔོན་རིགས་དང་ས་གནས་དེ་གའི་བློ་མཛོད་ཞིབ་འཇུག་སྒྲིག་གཞི་དང་སྤེལ་རེས་གཏིང་ཟབ་བྱས་པ་རེད།

    ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་རྒྱལ་ཁབ་གཉིས་ཀྱི་ལས་རིགས་ཁག་གི་མི་སྣས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་ཀྱི་འདུ་ཤེས་དང་། འགྲོ་ལམ། གྲུབ་འབྲས་བཅས་ལ་བསྔགས་བརྗོད་ཆེན་པོ་བྱས་པ་དང་། ཀྲུང་གོ་དང་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་རྒྱག་པ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དང་ཞི་བདེ་དང་། མཉམ་ལས། སྒོ་དབྱེ། ཁོང་ཡངས་བཅས་ཀྱི་ཨེ་ཤེ་ཡའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མིག་སྔའི་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་འཕྲད་པའི་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ཏེ་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།