“གངས་འབྲུག”རྟགས་ཅན་གཉིས་པ་ཀྲུང་ཧྲན་ས་ཚིགས་སུ་རླངས་སྣུམ་སྐྱེལ་བའི་ལས་དོན་ནང་ཐེངས་དང་པོ་ཞུགས་པ།

འདི་ནི་པེ་ཅིང་གི་དུས་ཚོད་ཟླ་12ཚེས་2ཉིན་གྱི་ས་སྲོད་དུ་ལས་དོན་པས་སྣུམ་སྣོད་ནང་རླངས་སྣུམ་བླུགས་རྩིས་བྱེད་བཞིན་པ།
ཉེ་ཆར་ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་ལས་འགན་ཐེངས་42པ་ལག་བསྟར་བྱེད་བཞིན་པའི“གངས་འབྲུག”རྟགས་ཅན་ལྷོ་སྣེའི་ཀྲུང་ཧྲན་ས་ཚིགས་ཕྱི་སྐོར་སྐམ་སའི་འཁྱགས་སར་འབྱོར་བ་དང་། “གངས་འབྲུག”རྟགས་ཅན་གཉིས་པ་པེ་ཅིང་གི་དུས་ཚོད་ཟླ་11ཚེས་25ཉིན་སྔོན་ལ་ས་ཁོངས་དེར་འབྱོར་ཡོད། ཀྲུང་ཧྲན་ས་ཚིགས་ཀྱི་ས་ཁོངས་སུ་གྲུ་གཟིངས་གཉིས་པོ་ནས་གཞི་ཁྱོན་ཆེ་བའི་དངོས་ཟོག་འབེབས་བཞིན་ཡོད་ཅིང་། ད་ཐེངས་ཀྱི་ལས་དོན་སྒྲུབ་རིང་རིམ་རྩིས་བརྒྱབ་ན་དངོས་ཟོག་སྣ་ཚོགས་ཏུན་2000ཙམ་དབོར་འདྲེན་ལེགས་སྒྲུབ་བྱས་པ་རེད། “གངས་འབྲུག”རྟགས་ཅན་གཉིས་པའི་གྲུ་དཔོན་ལི་ཝུན་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ནི“གངས་འབྲུག”རྟགས་ཅན་གཉིས་པས་རྟོག་ཞིབ་ས་ཚིགས་ལ་རླངས་སྣུམ་དབོར་འདྲེན་བྱེད་ཐེངས་དང་པོ་རེད།
འབྲེལ་ཡོད་གསར་འགྱུར།