དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་འཁོར་མང་ཤང་གི་རླངས་འཁོར་རུ་ཁག་ལ་ལོ་ཕྱེད་ནང་ཡོང་འབབ་སྒོར་ཁྲི་236བྱུང་བ།

    ཐུན་མོང་ཕྱུག་འགྱུར་གྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུའི་ཐོག་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-09

    ཞོགས་པ་སྐྱ་མདའ་བཏང་བ་དང་བསྟུན་པད་མ་རིག་འཛིན་གྱིས་ལམ་ཟུར་དུ་རླངས་འཁོར་གྲངས་ཀ་རྒྱག་པ་དང་། དེ་ནས་རླངས་འཁོར་གྱི་མེ་སྤར་བས་གློག་སྒྲོན་གྱིས་གྲང་ངར་ཆེ་བའི་ཞོགས་པར་འོད་སྣང་ཞིག་སྦྱིན། སྤྱང་ཀི་ལར་ཞོགས་པའི་ཉི་གཞོན་འཕྲོས་པས་རླངས་འཁོར་རིམ་པ་བཞིན་ལམ་དུ་བཞུད། མང་ཚོགས་26ལས་གྲུབ་པའི་རླངས་འཁོར་རུ་ཁག་དེ་ད་ཆ་ནག་ཆུ་གྲོང་ཁྱེར་གྱི་ཤང་གྲོང་ཁག་གི་ཨར་སྐྲུན་བྱ་ཡུལ་དུ་ལས་ལ་བྲེལ་བཞིན་མཆིས།

    ད་ལོའི་ཟླ་བ་ལྔ་པར་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་འཁོར་མང་ཤང་ཞིང་འབྲོག་པའི་ཨར་སྐྲུན་རུ་ཁག་གི་ཁོངས་མི་པད་མ་རིག་འཛིན་གྱིས་ཤང་གི་ཟོག་འདྲེན་རླངས་འཁོར་མི་ཉུང་བ་ཞིག་ལས་ཀ་མེད་པ་མཐོང་སྐབས། ཁོང་ལ“ཚང་མ་སྒྲིག་འཛུགས་བྱས་ནས་འགྲོ་ལམ་བདག་སྐྱོང་གི་སྐྱེལ་འདྲེན་ལས་ཀ་ཞིག་བྱེད་པའི”བསམ་བློ་འཁོར། བསམ་ཚུལ་དེར་གྲོང་མི་26གི་མོས་མཐུན་ཐོབ་ནས་འཁོར་མང་ཤང་རླངས་འཁོར་རུ་ཁག་དེ་མུར་བཙུགས།

    བྱ་གཞག་གཏོད་རྒྱུ་ནི་ལས་སླ་པོ་ཞིག་མིན་པར། རླངས་འཁོར་རུ་ཁག་བཙུགས་མ་ཐག་ལམ་ཐིག་ཇི་ལྟར་དབྱེ་བ་དང་། རླངས་འཁོར་ཇི་ལྟར་བཀོད་སྒྲིག་བྱེད་པ། དངུལ་ཇི་ལྟར་རྩིས་རྒྱག་པ་བཅས་ལ་ཚང་མའི་བསམ་འཆར་གཅིག་མཐུན་བྱུང་མེད།

    “ང་ཚོ་ནི་ཤང་གཅིག་ཡིན་པས་ཕྱུག་པོ་ཆགས་དགོས་ན་ཚང་མ་མཉམ་དུ་ཆགས་དགོས། ངས་རྩིས་ཐོ་ཡོངས་བསྒྲགས་དང་ལས་ཀ་དྲང་པོ་བྱེད་རྒྱུའི་ཁས་ལེན་ཆོག”ཅེས་པད་མ་རིག་འཛིན་གྱི་ལྷག་བསམ་ཟོལ་མེད་ཀྱི་སྐད་ཆ་དེས་ཚང་མ་བློ་བདེ་པོ་བྱུང་། རླངས་འཁོར་རུ་ཁག་སྔ་ཙམ་ཚད་ལྡན་གྱི་གཉེར་སྐྱོང་ལམ་བུའི་ཐོག་སྐྱོད་ཆེད། པད་མ་རིག་འཛིན་གྱིས་སྣེ་ཁྲིད་དེ་དོ་དམ་བྱེད་ཐབས་ཆ་ཚང་ཞིག་བཟོས་པ་སྟེ། ཕྱི་ཕྱོགས་སུ་ཁོང་གིས་གཅིག་གྱུར་ཐོག་ལས་ཀ་རྩིས་ལེན་པ་དང་། གན་རྒྱ་འཇོག་པ། མཇུག་རྩིས་རྒྱག་པ་བཅས་བྱ་རྒྱུ་དང་། ནང་ཁུལ་དུ་གོ་རིམ་ལྟར་རེས་འཁོར་མངགས་གཏོང་དང་ཐག་ཉེ་ས་ནས་བཀོད་སྒྲིག་བྱ་རྒྱུ། སྐབས་འཕྲལ་གྱི་ལས་ཀ་གཅིག་གྱུར་མཐུན་སྦྱོར་བྱ་རྒྱུ་སོགས་རེད།

    “ཤང་གིས་སྔར་ནས་བཟུང་རླངས་འཁོར་རུ་ཁག་འཕེལ་རྒྱས་གཏོང་ཆེད་ཐབས་ཤེས་དང་ཐབས་ལམ་འཚོལ་ཞིབ་བྱས་ཡོད”ཅེས་པད་མ་རིག་འཛིན་གྱིས་མྱོང་ཚོར་ཟབ་མོས་བཤད། ཁོང་གིས་རླངས་འཁོར་རུ་ཁག་འཕེལ་རྒྱས་གཏོང་བའི་འགག་རྩའི་དུས་སུ་འཁོར་མང་ཤང་ཏང་ཨུད་དང་སྲིད་གཞུང་གིས་རོགས་པ་བྱས་ནས་ཁོངས་གཏོགས་ཁུལ་གྱི་རྣམ་གྲངས་ས་ཚིཌ་ཁག་དང་འབྲེལ་བ་བྱས་པ་མ་ཟད། སྐྱེལ་འདྲེན་གྱི་དགོས་མཁོ་ཤེས་རྟོགས་བྱས་པ་དང་འབྲེལ་རླངས་འཁོར་རུ་ཁག་དང་གནད་སྨིན་འབྲེལ་མཐུད་བྱས་ཏེ་ལས་སྒོ་རྒྱ་སྐྱེད་གཏོང་རོགས་བྱས་བྱུང་། ཟླ་11ཚེས་20ཉིན་བར་རླངས་འཁོར་རུ་ཁག་གི་སྐྱེལ་འདྲེན་ཡོང་འབབ་སྒོར་ཁྲི་236ཙམ་ཟིན་པ་ཚང་མ་རུ་མི་ཚོའི་ལག་ཏུ་སྤྲད་ཟིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།