ཏང་གི་ལས་དོན་ལས་ཁུངས་ནི་དང་ཐོག་ཆབ་སྲིད་ལས་ཁུངས་ཤིག་རེད།
ཏང་གི་ལས་དོན་ལས་ཁུངས་ཀྱིས་ཏང་གི་འགོ་ཁྲིད་ལག་བསྟར་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་གི་བྱ་གཞག་ལ་སྐུལ་འདེད་གཏོང་བ་བཅས་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཉིན་ཤས་གོང་། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་ལས་དོན་ལས་ཁུངས་ཀྱི་སྲོལ་ཡིག》ཁྱབ་བསྒྲགས་བྱས་ཤིང་། དེ་ནི་ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཏང་གི་རྩ་འཛུགས་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་གལ་ཆེན་ཞིག་རེད། 《སྲོལ་ཡིག》གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་གྲུབ་འབྲས་བརྟན་དུ་དང་། ཏང་གི་ལས་དོན་ལས་ཁུངས་ལ་ཆབ་སྲིད་ཀྱི་བླང་བྱ་འདོན་ཤུགས་སྔར་བས་ཆེ་རུ། ཏང་གི་ལས་དོན་ལས་ཁུངས་འཛུགས་པ་དང་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས། ཏང་གི་ལས་དོན་ལས་ཁུངས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་བར་རྩ་བའི་གཞི་འཛིན་ས་གཏན་འཁེལ་ཁ་གསལ་བྱས་ཡོད། ཏང་གི་རིམ་ཁག་ལས་དོན་ལས་ཁུངས་ཀྱིས《སྲོལ་ཡིག》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་གི་ལྟེ་བའི་ལས་དོན་ལ་རང་རྟོགས་ངང་བརྩི་སྲུང་དང་ཞབས་འདེགས་ཞུ་བ་དང་ཆབས་ཅིག ཆབ་སྲིད་ཀྱི་ནུས་པ་དང་འགན་སྒྲུབ་ཀྱི་ནུས་པ་ཆེ་རུ་དང་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། རྒྱང་ལམ་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་བྱེད་དགོས།
ཆབ་སྲིད་ལས་ཁུངས་ཀྱི་ངེས་གནས་བརྟན་དུ་གཏོང་དགོས་ཤིང་། ཏང་གི་ལས་ཁུངས་ཤིག་ཡིན་པའི་ཏང་གི་ལས་དོན་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་དང་དེ་བཞིན་ས་གནས་ཀྱི་རིམ་ཁག་ཏང་ཨུད་ཀྱི་ཐད་ཀའི་འགོ་ཁྲིད་འོག་ལས་དོན་སྤེལ་རིང་། ངེས་པར་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། ཆབ་སྲིད་ལས་ཁུངས་ཀྱི་རང་མདངས་གང་ལེགས་མངོན་པར་བྱེད་དགོས་པ་དང་། 《སྲོལ་ཡིག》གི་བླང་བྱ་ལྟར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་དེ། འགན་འཁྲི་ཁུར་བ་དང་ལས་དོན་སྤེལ་བའི་རྩ་བའི་ཆབ་སྲིད་ཀྱི་རྩ་དོན་ལ་བརྩི་བ་དང་། ཏང་ཀྲུང་དབྱང་གི་བཀོད་འདོམས་ལ་དང་ལེན་མཐའ་གཅིག་ཏུ་ཞུ་བ། རང་རྟོགས་ངང་ཏང་ཀྲུང་དབྱང་ལ་མིག་དཔེ་ལྟ་བ། ཏང་ཀྲུང་དབྱང་གི་བླང་བྱ་དང་བསྡུར་བ་ཡང་ཡང་གཏོང་བ། ཆབ་སྲིད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་ནན་པོ་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོར་སྲུང་བ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། འདུ་ཤེས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་རྒྱུན་མཐུད་ཡོང་བར་བྱས་ཏེ། ཆབ་སྲིད་ཀྱི་ཐོག་ནས་སྤྱི་ཡོངས་ཀྱི་གནས་ཚུལ་ཁོང་དུ་ཆུད་པ་དང་། གནད་དོན་ལ་དབྱེ་ཞིབ་དང་ལས་ཀར་སྐུལ་སྤེལ་གཏོང་མཁས་པོ་བྱེད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ལས་ཁུངས་ཀྱི་འདུ་ཤེས་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། ཏང་ཡོན་ལས་བྱེད་པར་ཁྲིད་སྟོན་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་རང་རྟོགས་ཆེན་པོ་དང་བྱ་སྤྱོད་དངོས་ལ་ཏན་ཏིག་སྒྱུར་དགོས།
ཆབ་སྲིད་ལས་ཁུངས་ཀྱི་འགན་འཁྲི་ལག་ལེན་བསྟར་དགོས་ཤིང་། ཏང་གི་ལས་དོན་ལས་ཁུངས་ནི་ཏང་ཀྲུང་དབྱང་དང་ས་གནས་རིམ་ཁག་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་མཁན་ལག་བསྟར་ལས་ཁུངས་ཤིག་རེད། དེས་ན་འགན་སྒྲུབ་ཀྱི་ནུས་པ་ཡག་པོ་བཏོན་ཡོད་མེད་དེ་ཏང་གི་རིགས་པའི་གཞུང་ལུགས་དང་། དེ་བཞིན་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་ཡག་པོ་ཐུབ་མིན་དང་འབྲེལ་བ་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དང་ཡང་འབྲེལ་བ་ཡོད། 《སྲོལ་ཡིག》ནང་གཏན་འབེབས་ཁ་གསལ་བྱས་པར། ཏང་གི་ལས་དོན་ལས་ཁུངས་ཀྱི་འགན་འཁྲི་ཨང་དང་པོ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་དོན་འཁྱོལ་མཐའ་གཅིག་ཏུ་བྱ་རྒྱུ་དེ་ཡིན་པས་ན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཏང་ཀྲུང་དབྱང་གིས་གང་གསུངས་པ་དེ་སྒྲུབ་ཐུབ་པར་འགན་ལེན་བྱེད་དགོས་པ་དང་། 《སྲོལ་ཡིག》གི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ། རང་ངོས་ཀྱི་འགན་འཁྲིར་དམ་པོར་དམིགས་ནས་ལམ་ལུགས་དང་ལམ་སྲོལ་གྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དག་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱེད་པ། ཏང་གི་འགོ་ཁྲིད་ཕྱོགས་ཡོངས་དང་། བརྒྱུད་རིམ་ལྡན་པ། སྤྱི་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ། ཏང་གིས་ཕྱོགས་སོ་སོའི་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ། གཅིག་གྱུར་གྱི་ཁོངས་སྒྲིལ་འགོ་ཁྲིད་དང་མཐུན་སྦྱོར་དོ་དམ་གྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱབ་ཁོངས་ཁག་དང་། ཕྱོགས་ཁག ལྷུ་ཚིགས་ཁག་བཅས་སུ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོས་ཏང་ལ་དོ་དམ་དང་ཏང་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི“སྔར་བས་དམིགས་སར་འབྱོར་བ་ལྔའི”བླང་བྱ་གལ་ཆེན་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་བློ་རྩ་བརྟན་པོས་ཁུར་བ། རྩ་བའི་དགོངས་གཞི་ནན་པོ་དང་། རྣམ་པ་སྒམ་བརླིང་། བྱ་ཐབས་ནན་པོ་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་རྒྱུན་མཐུད་བཏང་སྟེ། ཏང་དེ་ཉིད་དེ་བས་སྟོབས་ཤུགས་དང་ལྡན་པ་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས།
ཆབ་སྲིད་ལས་ཁུངས་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས་ཤིང་། 《སྲོལ་ཡིག》ནང་གཏན་འབེབས་ཁ་གསལ་བྱས་པར། ཏང་གི་ལས་དོན་ལས་ཁུངས་ཀྱིས་ཏང་ཨུད་ལ་ཇུས་འདོན་མཁན་གྱི་ལས་རོགས་ཡག་པོ་ཞིག་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་ལྟེ་བའི་ལས་འགན་ཧ་ཅང་ལྗིད་པོ་ཡོད། དེས་ན་ཏང་གི་ལས་དོན་ལས་ཁུངས་ཀྱིས་ཏང་ཨུད་ལ་ཇུས་འདོན་པའི་ལས་རོགས་ཀྱི་ནུས་པ་སྔར་ལས་ལེགས་པ་འདོན་རྒྱུར་བླང་བྱ་དེ་བས་མཐོ་བ་བཏོན་ཡོད། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས་སྐུད་འདེད་ལས་དོན་བཀོད་སྒྲིག་འཆར་འགོད་དང་འགན་འཁྲི་ཏན་ཏིག་ཁུར་ཏེ། ལྟེ་བའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་དགོས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུར་དམིགས་པའི་ཁར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གནས་ཚུལ་གསར་པ་དང་འགྱུར་ལྡོག་གསར་པར་དམིགས་ཏེ། སྣེ་གཅིག་གིས་ཁྱོན་ཡོངས་ལ་ཤུགས་རྐྱེན་ཐེབས་པའི་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་བྱས་ནས། ཏང་ཨུད་ཀྱི་ཐབས་ཇུས་ལ་ཞབས་འདེགས་དེ་བས་ཡག་པ་ཞུ་དགོས། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་། གཟེར་འདེབས་ཀྱི་སྙིང་སྟོབས་དང་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་གང་ཐུབ་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཏང་ཀྲུང་དབྱང་གིས་ཐུགས་ཁུར་གཟིགས་སྐྱོང་བྱེད་པ་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས་གནས་ཚུལ་དངོས་ལ་ལྟ་ཞིབ་དང་དམངས་ཀྱི་སྐད་ཆ་ཉན་པ། བཏོན་པའི་བསམ་ཕྱོགས་དང་། བྱ་ཐབས། ཁ་གཏད་གཅོད་ཐབས། གྲོས་འགོ་བཅས་ལ་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལྡན་པ་བཅས་བྱས་ཏེ་ཕན་ནུས་དངོས་ཐོན་པ་བྱེད་དགོས། མཐའ་ཚད་ཀྱི་བསམ་གཞིགས་མཐའ་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ཆེ་རུ་གཏོང་བ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་ཤེས་རྟོགས་དང་དབྱེ་འབྱེད་བྱེད་པ། ཉེན་ཁ་སྔོན་ལ་ཤེས་རྟོགས་དང་། ཉེན་བརྡ་སྔོན་ལ་གཏོང་བ། ཉེན་ཁ་སྔོན་ལ་སེལ་བ་བཅས་ལེགས་པར་བྱས་ཏེ། ཆབ་སྲིད་ཀྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་ནས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ནུས་ལྡན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།