ཀྲུང་གོའི་རླངས་འཁོར་ཐོན་ལས་ལ་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་བཀོད་པ།
——སི་ཕེན་ཀྲི་ཧྭ་སློབ་ཚན་དྲ་ཚུགས་ནས་སྤེལ་བའི་གནས་ཚུལ་གཞིར་བཟུང་།
གཟའ་འཁོར་འགའི་གོང་། ཀྲུང་གོས་ལག་རྩལ་གྱི་འཆར་གཞི་གསར་པ་ཞིག་ཁྱབ་བསྒྲགས་བྱས་ནས་རང་རྒྱལ་གྱི་འབྱུང་འགྱུར་འགྲིམ་འགྲུལ་གྱི་འཆར་གཞི་བཀོད་ཡོད། 《ནུས་རྒྱུ་གྲོན་ཆུང་དང་ནུས་རྒྱུ་གསར་པའི་རླངས་འཁོར་ལག་རྩལ་གྱི་ལམ་ཐིག་དཔེ་རིས་3.0》ནང་དམིགས་ཚད་གཙོ་བོ་བཏོན་ཡོད། དེའི་ནང་། 2040ལོར་སླེབས་སྐབས། གསར་དུ་བཙོངས་པའི་འགྲུལ་སྐྱེལ་རླངས་འཁོར་ཁྲོད་ཀྱི་ནུས་རྒྱུ་གསར་པའི་རླངས་འཁོར་སྟེ། གློག་སྒུལ་རྐྱང་པའི་རླངས་འཁོར་དང་། གློག་གསོག་ཐུབ་པའི་མཉམ་བསྲེས་སྒུལ་ཤུགས་རླངས་འཁོར་རམ་ཡང་ན་ཆིང་བུད་རྫས་ཀྱི་གློག་རྫས་རླངས་འཁོར་གྱིས་བསྡུར་ཚད་85%ཡན་ཟིན་པར་བྱ་རྒྱུ་དེ་རེད།
ལམ་ཐིག་དཔེ་རིས་ལ་གཞིགས་ན། ཕྱིས་འབྱུང་ལོ་ལྔ་ནས་བཅོ་ལྔའི་ནང་ཚུད་དུ། ནུས་རྒྱུ་གསར་པའི་རླངས་འཁོར་ཀྲུང་གོའི་ཁྲོམ་རའི་གཙོ་རྒྱུན་དུ་འགྱུར་རྒྱུ་རེད། དེས་གློག་སྒུལ་རླངས་འཁོར་སྔར་ལས་མང་བ་གཞུང་ལམ་དུ་གཏོང་རྒྱུ་མ་ཟད། ད་དུང་རྨང་གཞིའི་སྒྲིག་བཀོད་དང་གསར་གཏོད་ལ་བྱ་འཕུར་བ་ལྟ་བུའི་འཕོ་འགྱུར་བྱུང་བའང་མངོན་ཐུབ་རྒྱུ་རེད། ཀྲུང་གོས་སྔོན་དཔག་བྱས་ན། 2028ལོར་སླེབས་སྐབས། རླངས་འཁོར་ལས་རིགས་ཀྱི་ཐཱན་འབུད་ཚད་མཐོ་ཤོས་སུ་སླེབས་རྒྱུ་དང་། དེ་ནས་2040ལོར་60%ཡན་ཆག་རྒྱུ་དང་། གཞི་ཁྱོན་ཆེ་བའི་གློག་སྒུལ་ཅན་དུ་འགྱུར་བ་དང་ལས་ཕྱོད་ཆེ་རུ་སོང་བ་དེ་ནི་དེ་དག་གི་རྨང་གཞི་ཡིན། སྔོན་དཔག་བྱས་ན། ཀྲུང་གོ་འདི་ཉིད་རིག་ནུས་འཕྲིན་གཏོང་སྐྱེ་ཁམས་མ་ལག་ཅིག་ཆགས་ནས་རླངས་འཁོར་དང་། གཞུང་ལམ། གྲངས་འཛིན་སྤྲིན་རིམ་བཅས་གཞི་གཅིག་ཅན་དུ་འགྱུར་རྒྱུ་རེད། དེའི་དམིགས་ཡུལ་ནི“ལས་འཛོལ་མེད་པ་དང་། ཤི་རྨས་མེད་པ། ལས་ཕྱོད་ཆེ་བ”བཅས་ཀྱི་འགྲིམ་འགྲུལ་མ་ལག་ཅིག་བརྟན་དུ་གཏོང་ཆེད་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།