“ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་གོ་ལ་ཧྲིལ་པོའི་ཤེས་དཔལ་སྤེལ་རེས་ཀྱི་དཔེ་མཚོན་དུ་འགྱུར་བར་བྱེད་དགོས”
ཨ་ཧྥེ་རི་ཁའི་ལྷོ་རྒྱུད་ཀྱི་རྒྱ་རིག་པ་མཁས་ཅན་གྱི་ཚོགས་ཆེན་ཉིན་ཤས་གོང་ལྷོ་ཨ་ཧྥེ་རི་ཁའི་སྲིད་འཛིན་རྒྱལ་ས་ཕི་རི་ཐོ་རི་ཡར་འཚོགས་ཤིང་། ཚོགས་ཆེན་ཐོག“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལྷོ་རྒྱུད་དབར་གྱི་རིག་གནས་སྒྲོལ་བའི་བསམ་ཤེས་དང་སྤེལ་རེས”བརྗོད་དོན་གཙོ་བོར་བྱས་ནས་ཀྲུང་གོ་དང་། ལྷོ་ཨ་ཧྥེ་རི་ཁ། པོ་ཚི་ཝ་ན་སོགས་རྒྱལ་ཁབ་ནས་ཡོང་བའི་མཐོ་སློབ་ཀྱི་མཁས་དབང་དང་རིག་མཛོད་རིགས་གཅིག་མཁས་ཅན་20ལྷག་ཙམ་གྱིས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་དང་། རྒྱ་རིག་པའི་ཤེས་བྱའི་དྲ་རྒྱ་མཉམ་སྐྲུན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རིག་གཞུང་མཉམ་ལས་སྟོབས་ཆེར་གཏོང་བ་སོགས་ཀྱི་གླེང་གཞིར་དམིགས་ནས་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།
པེ་ཅིང་སྐད་ཡིག་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དང་འཛམ་གླིང་རྒྱ་རིག་པ་ལྟེ་གནས་ཀྱི་ཀྲུའུ་རེན་ཞུས་པའོ་ཧྥུང་གིས་དེང་སྐབས་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་འཕྲད་བཞིན་ཡོད་པས། ཤེས་དཔལ་གླེང་མོལ་ལ་ཤུགས་སྣོན་དང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་ལ་སྐུལ་འདེད་གཏོང་རྒྱུ་དེ་དུས་གང་རུང་ལས་ཀྱང་གལ་འགངས་ཆེ་བ་ཞིག་ཏུ་གྱུར་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁར་བསམ་པའི་ཐུན་མོང་ངོས་འཛིན་ཟབ་མོ་ལྡན་ཡོད། གནའ་བོའི་དར་གོས་ལམ་བུ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་བར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྤེལ་རེས་ཐད་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་གྲུབ་འབྲས་ཐོབ་པའི་སྙིང་སྟོབས་མངོན་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་རྒྱག་པ་དེས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བར་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱ་རྒྱུར་ཕན་ཐོགས་ཡོད་ཅེས་བརྗོད།
ལྷོ་ཨ་ཧྥེ་རི་ཁའི་མཚན་ཉིད་རིག་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་སྤྱིའི་སྤེལ་རེས་རིག་མཛོད་ཀྱི་འགན་འཁུར་བ་ཐན་ཀྲེ་ལིས“རྒྱ་རིག་པར་ཞིབ་འཇུག་བྱེད་པ་ནི་སྐད་ཡིག་དང་བསྟན་བཅོས་ཀྱི་རིག་གཞུང་གི་ཞིབ་བསྡུར་ཞིག་ཡིན་ལ། དེ་བས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ཤེས་དཔལ་སྦྲེལ་མཐུད་དང་དམངས་སེམས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བའི་སྦྲེལ་ཟམ་ཞིག་ཀྱང་ཡིན། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཁས་དབང་ཚོས་ངེས་པར་དུ་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་ཏུ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་ཆེད་དེ་བས་གཏིང་ཟབ་པའི་མི་ཆོས་རིག་གནས་ཀྱི་སྟོབས་ཤུགས་སྣོན་དགོས”ཞེས་བརྗོད།
པོ་ཚི་ཝ་ན་སློབ་ཆེན་ལོ་རྒྱུས་ཚན་ཁག་གི་མཐོ་རིམ་འཆད་ཁྲིད་དགེ་རྒན་པོ་ཅཱ·མཱ་ནཱ་ཁྲ་ཡིས“ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཏོན་ནས་ཤེས་དཔལ་མི་འདྲ་བ་བསྟུན་མཁས་མཉམ་གནས་དང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་སྟེ། ཨ་ཧྥེ་རི་ཁ་དང་ཀྲུང་གོས་རྒྱ་རིག་པའི་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་སྟེགས་བུ་གལ་ཆེན་མཁོ་འདོན་བྱས་ཡོད། མིག་སྔར། ཨ་ཧྥེ་རི་ཁ་དང་ཀྲུང་གོས་དེང་རབས་ཅན་མངོན་འགྱུར་ཧུར་ཐག་བྱེད་བཞིན་ཡོད། ཨ་ཧྥེ་རི་ཁ་དང་ཀྲུང་གོས་དེང་རབས་ཅན་གྱི་ལམ་བུར་ཉམས་མྱོང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་བརྒྱབ་སྟེ། བཅོས་སྐྱོང་དང་། སློབ་གསོ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་ནས། འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་ཁྲོད་རང་སོ་སོའི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་དགོས”ཞེས་བརྗོད།
ཝུ་ཀན་ཏ་འཕེལ་རྒྱས་ལྟ་ཞིབ་ལྟེ་གནས་ཀྱི་ཞིབ་འཇུག་པ་ཨེན་ནན་ཏ·ཅི་ཆི་ཐོའོ·སེ་ལུའུ་ཝ་ཅིས“ཤེས་དཔལ་སྤེལ་རེས་བྱེད་པ་དེ་མཐར་གཏུགས་ནས་བརྗོད་ན་མིའི་དབར་གྱི་སྤེལ་རེས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་། ཨ་ཧྥེ་རི་ཁའི་སློབ་མ་དེ་བས་མང་བ་ཀྲུང་གོར་སློབ་སྦྱོང་བྱེད་པར་བསྐྱོད་ནས་ཤེས་ལྡན་པ་གསོ་སྐྱོང་དང་ཤེས་བྱ་མཉམ་སྤྱོད་ལ་སྐུལ་འདེད་བཏང་ཡོད། ཨ་ཧྥེ་རི་ཁའི་མཐོ་སློབ་ཀྱིས་ཀྱང་རྒྱ་ཡིག་ཆེད་ལས་དང་ཁུང་ཙི་སློབ་གླིང་ཧུར་ཐག་བཙུགས་པ་མ་ཟད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དང‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་སོགས་ལམ་སྲོལ་ལ་བརྟེན་ནས་ཕྱོགས་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ལ་རམ་འདེགས་བྱས་པ་དཔེར་ན། མཐོ་སློབ་དབར་སྤེལ་རེས་དང་། རིག་མཛོད་མཉམ་ལས། གཞོན་ནུ་ཕན་ཚུན་འཚམས་འདྲི་བྱེད་པའི་འཆར་གཞི་སོགས་སྤེལ་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།