དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནན་ཕིང་མྱུར་བགྲོད་ལྕགས་ལམ་ཧྲིལ་པོ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-08

    འདི་ནི་ནན་ཕིང་མྱུར་བགྲོད་ལྕགས་ལམ་གྱི་ཧྲང་ཅིན་ཙུའོ་ཅང་གཙང་པོའི་ལམ་ཐིག་གཉིས་ཀྱི་ཟམ་པ་ཆེ་ཤོས་ནས་མེ་འཁོར་ཐོག་མ་སྐྱོད་བཞིན་པ།

    གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཚེས་5ཉིན་ནན་ཉིང་ནས་ཕིང་ཞང་བར་གྱི་མྱུར་བགྲོད་ལྕགས་ལམ་ཁྲུང་ཙུའོ་ནས་ཕིང་ཞང་བར་གྱི་དུམ་བུ་ཤར་གཏོང་ཐུབ་པ་དང་། དེ་ཐོག་ནས་ནན་ཕིང་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་པ་དང་། ཀོང་ཤིས་ནན་ཉིང་ནས་ཕིང་ཞང་བར་མགྱོགས་ཤོས་སུ་ཆུ་ཚོད་1དང་སྐར་མ་15ཡི་ནང་སླེབས་ནས་མིག་སྔའི་མྱུར་ཚད་དཀྱུས་མའི་ལྕགས་ལམ་གྱི་འགྲུལ་སྐྱེལ་མེ་འཁོར་དང་བསྡུར་ན་སྐར་མ་178ཐུང་དུ་ཕྱིན་ཏེ། ནན་ཉིང་ནས་ཀྲུང་ཝེའི་མཐའ་མཚམས་འགག་སྒོའི་གྲོང་ཁྱེར་བར་ཤར་གཏོང་ཐུབ་པའི་མྱུར་བགྲོད་འགྲུལ་སྐྱེལ་ལམ་བུ་ཞིག་ཆགས་པ་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།