དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོའི་G214ལམ་ཐིག་གི་ལྕགས་ཁ་ནས་སྤང་མདའ་གནམ་ཐང་བར་གྱི་ལམ་དུམ་གསར་སྐྲུན་རྒྱས་སྐྲུན་གྱི་ལས་གྲྭ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-08

    ཉེ་ཆར། ཁྱོན་མ་དངུལ་སྒོར་དུང་ཕྱུར་84.8392བཏང་བའི་ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་ལམ་G214ལམ་དུམ་གྱི་ལྕགས་ཁ་ནས་སྤང་མདའ་གནམ་ཐང་བར་གྱི་ལམ་དུམ་གསར་སྐྲུན་རྒྱས་སྐྲུན་གྱི་ལས་གྲྭའི་འགོ་ཚུགས་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་རེད། ལྕགས་ཁ་ནས་སྤང་མདའ་གནམ་ཐང་བར་གྱི་ལམ་དུམ་ནི་G214ལམ་ཐིག་གི་ཆབ་མདོ་ནས་ལྕགས་ཁ་ལམ་དུམ་བར་གྱི་དུས་ཐེངས་དང་པོའི་ལས་གྲྭའི་སྣུར་སྲིང་རྣམ་གྲངས་ཤིག་ཡིན་པ་དང་། རྣམ་གྲངས་དེ་བསྐྲུན་ཟིན་རྗེས། ལམ་ཐིག་ཧྲིལ་པོར་སྤྱི་ལེ་97.89ཟིན་པའི་གནམ་ཐང་རིམ་མཐོའི་གཞུང་ལམ་ཆགས་རྒྱུ་རེད།

    ད་ཐེངས་ལས་འགོ་བཙུགས་པའི་དུས་ཐེངས་གཉིས་པའི་ལས་གྲྭའི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་70.79ཟིན་ཞིང་། མ་ལམ་ལ་ཟམ་པ་38དང་ཕུག་ལམ་21ཡོད་པས་ཟམ་པ་དང་ཕུག་ལམ་གྱིས་ལམ་ཐིག་ཧྲིལ་པོའི་68%བཟུང་གི་ཡོད། དེས་མ་ཚད་སྤང་མདའ་གནམ་ཐང་གི་མཉམ་སྦྲེལ་རྣམ་པའི་བསྣོལ་ཟམ་དང་དཀྱིལ་ཐང་སྦྲེལ་མཐུད་ལམ་གཉིས་དུས་མཉམ་དུ་བསྐྲུན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།