དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 《མངའ་རིས་ཀྱི་བག་ཆགས》ཞེས་པ་དེ་རྒྱལ་ཡོངས་རི་མོ་ཁང་གི་རི་མོའི་བརྩམས་ཆོས་འགྲེམས་སྟོན་སྐབས་དགུ་པར་བདམས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-08

    ཉེ་ཆར། བོད་ཀྱི་རི་མོ་མཁས་ཅན་ལྷག་པ་ཚེ་རིང་གིས་གསར་རྩོམ་གནང་བའི་ཀྲུང་གོའི་རི་མོ《མངའ་རིས་ཀྱི་བག་ཆགས》ཞེས་པ་དེ་རྒྱལ་ཡོངས་རི་མོ་ཁང་གི་རི་མོའི་བརྩམས་ཆོས་འགྲེམས་སྟོན་སྐབས་དགུ་པར་བདམས་ནས། བོད་ཀྱི་ཆེད་ལས་རི་མོའི་གསར་རྩོམ་ཆུ་ཚད་མཚོན་པའི་བརྩམས་ཆོས་ཡག་ཤོས་ཀྱི་གྲས་སུ་གྱུར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་བདམས་པའི་བརྩམས་ཆོས《མངའ་རིས་ཀྱི་བག་ཆགས》ཞེས་པའི་ནང་བོད་ཀྱི་སྲོལ་རྒྱུན་ཐང་གའི་རི་མོ་དང་དེ་བཞིན་ཞིབ་བྲིས་རི་མོ་འབྲི་རྩལ་ཟུང་འབྲེལ་གྱིས་མངའ་རིས་ཀྱི་ས་རྒྱ་ཆེ་ཞིང་ལྟ་ན་སྡུག་པའི་ཡུལ་ལྗོངས་བཀོད་འབྲི་བྱས་ཡོད། རི་མོའི་ནང་སྲོལ་རྒྱུན་གྱི་གཏེར་རྫས་ཚོན་རྒྱུ་སྤྱད་ནས་མངའ་རིས་ཀྱི་གངས་རི་འཁྱགས་རོམ་གྱི་བརྗིད་ཆེའི་རྣམ་པ་དང་ལྷད་མེད་དྭངས་གཙང་གི་བཀོད་པ་མངོན་པ་མ་ཟད། རི་ཀླུང་ཀུན་གྱི་མཛེས་ཉམས་ཞིབ་པར་བསྟན་ཏེ། སྲོལ་རྒྱུན་མེ་ཏོག་གི་རི་མོས་བརྒྱན་ནས་དེའི་ནང་དོན་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད། 《མངའ་རིས་ཀྱི་བག་ཆགས》བདམས་པ་དེ་ཐོག་ནས། རྒྱལ་ཁབ་ཀྱི་རྩེར་སོན་ཆེད་ལས་ཀྱི་ལས་སྟེགས་ཐོག་བོད་ཀྱི་རི་མོའི་གསར་རྩོམ་ལ་སླར་ཡང་ཉམས་བཟང་ངོམ་པ་མཚོན་ཞིང་། བོད་ཀྱི་རི་མོ་མཁས་ཅན་གྱི་སྒྱུ་རྩལ་གྱི་རྨང་གཞི་ཟབ་པ་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཟུར་ཚད་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།