དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་གྱིས།

    2025ལོའི་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་གཅིག་སྡུད་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-08

    ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་2025ལོའི་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་གཅིག་སྡུད་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་དུ་འཚོགས་ཤིང་། བྱེད་སྒོས“ཀྲུང་གོའི་སྨན་བཅོས་འགན་བཅོལ། མི་ཚེ་གང་པོ་སྲུང་སྐྱོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཐོག“མི་ཚང་མ་འགན་བཅོལ་ནང་ཞུགས་པ་དང་། ཞུགས་དགོས་རིགས་ཚང་མ་ཞུགས་པའི”དམིགས་ཚད་ལ་དམིགས་ནས། སྨན་བཅོས་འགན་བཅོལ་གྱི་དམངས་ཕན་སྲིད་ཇུས་མང་ཚོགས་ལ་དྲིལ་བསྒྲགས་གནད་སྨིན་བྱས་པ་རེད།

    འགོ་ཚུགས་མཛད་སྒོའི་ཐོག སྨན་བཅོས་འགན་བཅོལ་སྲིད་ཇུས་སྒྲོག་འགྲེལ་པས་འགན་བཅོལ་ནང་ཞུགས་པའི་ལམ་སྲོལ་དང་གྲོན་དངུལ་འཇལ་བའི་ཚད་གཞི་སོགས་ནང་དོན་གཙོ་བོ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་། རིག་རྩལ་མཉམ་འཁྲབ་དང་བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་གྱི་ལྷུ་ཚིགས་སུ་2026ལོའི་སྨན་བཅོས་འགན་བཅོལ་གཅིག་སྡུད་གྲོན་དངུལ་འཇལ་བའི་དུས་ཚོད་དང་རྒན་རྒོན་ཚོའི་ཚབ་འཇལ་ཆ་རྐྱེན་སོགས་གླེང་མང་བའི་གནད་དོན་ལ་དམིགས་པ། སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་པས་ཁྲག་ཤེད་འཇལ་བ་དང་བདེ་ཐང་བློ་འདྲི་སོགས་ས་གནས་ས་ཐོག་ཏུ་འོས་འགན་སྨན་བཅོས་ཞབས་ཞུ་བསྒྲུབས་པ་བཅས་བྱས་ནས། སྲིད་ཇུས་དྲིལ་བསྒྲགས་དང་བདེ་ཐང་ཞབས་ཞུའི་དམངས་ཕན་ལས་དོན་གཉིས་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།