དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བྲག་དཀར་གྲོང་གསར།

    སྟར་སྒྲིག་ཁང་གསར་ལུང་པའི་རྒྱན། བདེ་སྐྱིད་འཚོ་བའི་མགོ་སྣ་འདྲེན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-08

    འདི་ནི་བྲག་དཀར་གྲོང་ཚོའི་ཡུལ་མིས་གྲོང་ཚོའི་མཉམ་སྡེབ་གསོ་ཚགས་རྟེན་གཞིར་ལས་ཀ་བྱེད་བཞིན་པ།

    འདི་ནི་བྲག་དཀར་གྲོང་ཚོའི་རྣམ་པ་ཡིན་པ།

    མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཡོན་ཆོན། ཞུས་ཡུས་ཡའོ།

    འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཝུའེ་ཐའོ། སུན་ཁའེ་ཡོན།

    བྲག་དཀར་གྲོང་གསར་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་ཞིག་ཡིན་པ་དང་། རླངས་འཁོར་བཏང་ནས་ཕྱིན་ན་གྲོང་ཁུལ་དང་བར་ཐག་སྐར་མ་20ཡི་ལམ་ཐག་ཡོད། གཙང་ཞིང་ཁོད་སྙོམས་པའི་ཨར་འདམ་ལམ་དུ་སྐྱོད་ནས་གྲོང་ཚོའི་བོད་བཟོའི་ཐོག་ཁང་སྟར་པ་རེ་རེ་བརྒྱུད་སྐབས་དཀར་ཆ་དོད་པའི་སྤྱི་པའི་ཞབས་ཞུའི་ཚོམས་ཆེན་དང་། ཡངས་ཤིང་རྒྱ་ཆེ་བའི་སྤྱི་པའི་རིག་གནས་བར་མཐོངས། སྒྲིག་བཀོད་འཐུས་སྒོ་ཚང་བའི་འཕྲོད་བསྟེན་ཁང་། བུ་བཅོལ་ཁང་། ལུས་སྦྱོང་ཁང་བཅས་མཐོང་རྒྱུ་ཡོད་པ་དང་གྲོང་ཚོར་དེང་རབས་ཅན་གྱི་རྣམ་པས་ཁེངས་ཡོད།

    2024ལོའི་ཟླ་10པར། བྲག་དཀར་ལུང་ཤུར་གཅིག་དང་སྲིད་འཛིན་གྲོང་ཚོ་5ཡི་ཁོངས་སུ་གཏོགས་པའི་དུད་ཚང་200ཡི་ཡུལ་མི་800ཚང་མ་གནས་སྤོས་བྱས་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།

    “ལམ་ཁ་ཤས་ཀྱི་གཞོགས་གཅིག་གཡང་གཟར་གྱི་རི་བོ་དང་གཞོགས་གཅིག་ནི་ལང་ལོང་གི་ཆུ་བོ་ཡིན་ཞིང་། དབྱར་ཁ་ཤར་མ་ཐག་ས་རུད་པ་དང་ཆུ་ལོག་གིས་དུས་དང་རྣམ་པ་ཀུན་ཏུ་འགྲོ་ལམ་ལ་གཏོར་སྐྱོན་བཏང་གི་ཡོད”གནས་སྤོ་བྱེད་པའི་གནས་ཚུལ་ཤེས་རྗེས་བྲག་དཀར་གྲོང་གསར་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་བཟང་ངག་དབང་ཧ་ཅང་དགའ་པོ་བྱུང་བ་རེད།

    རི་ཁུག་ནས་སྤོས་ཏེ་ཞིང་ཆེན་ལམ་གྱི་འགྲམ་དུ་གཞིས་ཆགས་པ་དང་བློ་བཟང་ངག་དབང་གིས་ད་ནས་བཟུང་ལོ་ལྟར་དབྱར་ཁར་འགྲོ་ལམ་ཤར་གཏོང་འགན་ལེན་དང་ཉེན་སེལ་གེགས་སྐྱོབ་ཐད་སེམས་ཁྲལ་བྱེད་དགོས་མེད། དེ་བས་གལ་འགངས་ཆེ་བ་ཞིག་ནི་ཡུལ་མིའི་ཕྱིར་སྐྱོད་ལམ་བུ་ཤར་གཏོང་ཐུབ་པ་དང་གྲོང་ཚོའི་འཕེལ་རྒྱས་ལམ་བུའང་ཡངས་སུ་ཕྱིན་ཡོད།

    གྲོང་ཚོའི་ལོ་རྒྱུས་ཁང་གི“ཡུས་ཀུང་གིས་རི་བོ་སྤོས་པའི་སྙིང་སྟོབས”ཀྱི་འཐབ་འཛིང་དར་ཆ་ཞིག་ལས་ཚ་ཚ་འུར་འུར་གྱི་ལོ་ཟླ་ཞིག་ལ་བདེན་དཔང་བྱས་ཡོད། དུས་རབས་གོང་མའི་ལོ་རབས་60པའི་ནང་དར་ཆ་དེ་ས་སྟེང་དུ་བཙུགས་ནས་ཡུལ་མི་ཚོར་གཡང་གཟར་གྱི་རི་ལྡེབས་སུ་སྐས་ཞིང་རིམ་པ་བཞིན་གསར་སྦོལ་བྱེད་དགོས་པའི་ལྕག་སྐུལ་བྱས་ཡོད།

    2019ལོར། གྲོང་ཚོ་5ཚང་མ་སྤྱིར་ན་དབུལ་སྒྲོལ་ཐུབ་ཀྱང་བྲག་དཀར་ལུང་ཤུར་གྱི་རྒན་རབས་ཚོའི་སེམས་ནང་ཡུལ་འདི་རི་མཐོ་གཡང་གཟར་དང་། སྐྱེ་ཁམས་ཉམས་ཞན། གནོད་འཚེ་ཡང་ཡང་ཐོན་གྱི་ཡོད་པས། དབུལ་པོ་བསྐྱར་ལོག་གཏན་འགོག་དང་བདེ་སྡོད་ལས་བརྩོན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པར་ངེས་པར་དུ་གནས་སྤོས་ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཞིག་གཏོད་དགོས་པ་གསལ་པོ་ཤེས་ཀྱི་ཡོད།

    ཕ་ཡུལ་དང་བྲལ་དཀའ་ཞིང་། དངོས་གནས་ཁྱིམ་སྤོ་བར“ཁང་པ་ཡག་པོ་བརྒྱབ་ཡོད་མེད”དང་། “ནོར་ལུག་དང་ཞིང་ཁར་དོ་དམ་ཇི་ལྟར་བྱེད་དགོས་མིན”“འབབ་འཕར་ཕྱུག་འགྱུར་ཇི་ལྟར་བྱེད་དགོས་མིན”ཐད་སེམས་ཁྲལ་ཆེན་པོ་བྱུང་ཡོད་པ་རེད།

    དེ་དག་རེ་རེ་བཞིན་ཐག་གཅོད་བྱས་པ་སྟེ།

    སྡོད་ཁང་ཇི་ལྟར་འཛུགས་སྐྲུན་བྱེད་དགོས་པའི་ཐད། སྡོད་ཁང་ཇུས་འགོད་བྱེད་སྐབས་ཁང་པའི་བཟོ་དབྱིབས་ཆེ་ཆུང་ནས་ཞིབ་ཕྲའི་བཀོད་སྒྲིག་བར་ལས་དོན་པས་དུད་ཚང་རེ་རེར་བསྐྱོད་དེ་བསམ་འཆར་བསྡུ་ལེན་བྱས་པ་དང་། ཨར་ལས་བྱེད་སྐབས་ཡུལ་མིའི་འཐུས་མིས་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱས་པས་སྤུས་ཚད་དང་བདེ་འཇགས་ལ་ཚང་མའི་སེམས་ནང་གདེང་ཚོད་ཡོད་པ་རེད།

    ནོར་ལུག་ལ་དོ་དམ་ཇི་ལྟར་བྱེད་དགོས་པའི་ཐད། གྲོང་ཚོར་མཉམ་ལས་ཁང་བཙུགས་ནས་གཅིག་གྱུར་དོ་དམ་བྱས་ཏེ་དུད་ཚང་ཁག་གིས་མ་རྐང་ནང་ཞུགས་པའི་བསྡུར་ཚད་ལྟར་ཁེ་སྤོགས་བགོ་ཡི་ཡོད།

    ཡོང་འབབ་ཇི་ལྟར་འཕར་བ་བྱེད་དགོས་པའི་ཐད། གནད་དོན་དེ་འགག་རྩ་ཡིན་པས། གནས་སྤོ་ཐུབ་པ་བྱེད་དགོས་ལ་ད་དུང་གཞིས་ཆགས་ཐུབ་པ་དང་ཕྱུག་པོ་ཆགས་ཐུབ་པ་བྱེད་དགོས།

    གནས་སྤོས་བྱས་ནས་ཡུན་རིང་མ་སོང་བར་ཡུལ་མི་ཚེ་དབང་ཆོས་འཕེལ་གྱིས་གྲོང་ཚོའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་འཛུགས་སྐྲུན་བྱ་ཡུལ་ཤེས་རྟོགས་བྱུང་ཞིང་། ཁོང་སྣེ་ཁྲིད་པར་གྱུར་ནས་ཡུལ་མིའི་སྣེ་ཁྲིད་དེ་ཤིང་འཛུགས་དང་ནགས་ཤིང་བདག་སྐྱོང་ནང་ཞུགས་པ་རེད།

    ལྷོ་རི་བྱང་རི་སྔོ་འགྱུར་ལས་དར་རྒྱས་བྱུང་བའི་སྡོང་ཕྲུག་ར་བའི་རྟེན་གཞི་དང་ཧུའུ་ནན་བོད་སྐྱོར་གྱིས་རྒྱབ་སྐྱོར་བྱས་པའི་རྒུན་འབྲུམ་ཐོན་ལས་རྟེན་གཞིས་ལས་གནས་འདང་ངེས་མཁོ་འདོན་བྱས་པས། གྲོང་ཚོའི་ནང་གི་མི་170ལྷག་ཙམ་ཡུན་རིང་བརྟན་པོའི་ངང་ལས་ཞུགས་ཐུབ་པ་དང་མི་300ལྷག་ཙམ་ཁྱིམ་གྱི་འགྲམ་དུ་ལས་ཀར་འགྲོ་རྒྱུ་བྱུང་ཡོད།

    གསར་སྦོལ་བྱས་པའི་རྨོ་ཞིང་དེ་སྒྲིག་བཀོད་ཞིང་ལས་བྱེད་པར་འཚམ་པ་དང་། ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན་གྱིས་ས་རྒྱུ་ལེགས་བཅོས་བྱེད་རོགས་བྱས་པ་དང་པད་ཁ་འདེབས་རོགས་བྱས་པས། ལོ་དང་པོར་པད་ཁ་རྒྱ་མ་8000ལྷག་ཙམ་བསྡུས་ཡོད། གྲོང་ཚོས་དམངས་ཕན་མ་དངུལ་བསྡུ་སྒྲིལ་བྱས་ནས“ས་གྲོལ་དཔལ་འབྱོར”ལག་བསྟར་བྱས་ཏེ་གྲོང་ཁྱེར་ཁུལ་ནས་ཚོང་ཁང་ཉོས་པའི་ཁར། གྲོང་ཚོའི་ཚོང་སྒྱུར་ཁང་པའི་བོགས་དངུལ་བསྣན་ན་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་ཡོང་གི་ཡོད།

    འདི་ལོ་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྔོན་དཔག་བྱས་ན་སྒོར་ཁྲི་2.6ལས་བརྒལ་རྒྱུ་ཡིན་པ་རེད།

    རི་ཁུག་ནས་སྤོས་ཏེ་འཚོ་བ་ཉིན་རེ་བཞིན་སྐྱིད་དུ་དང་དེ་བས་སྟབས་བདེ་རུ་ཕྱིན་ཡོད། ཡུལ་མི་བསོད་ནམས་རྒྱལ་མཚན་གྱི་ཨ་མའི་གཟུགས་པོ་ཐང་པོ་མེད་པས། “ཞོགས་པ་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་བརྟག་དཔྱད་བྱས་རྗེས་ཕྱི་དྲོ་གྲོང་ཁྱེར་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཡོད”ཅེས་བསོད་ནམས་རྒྱལ་མཚན་གྱིས་བཤད།

    གྲོང་དོན་ལྟ་འདོམས་ཨུ་ལྷན་གྱི་ཀྲུའུ་རེན་ངག་དབང་རྣམ་རྒྱལ་གྱིས་ཕྱི་རུ་འབད་འཐབ་བྱེད་བཞིན་པའི་གཞོན་ནུ་ཚོ་ཚུར་ལོག་ཡོང་ནས་ལ་ལས་ཚོང་ཁང་ཆུང་ཆུང་བཙུགས་པ་དང་ལ་ལས་ཉེ་འགྲམ་དུ་ལས་ཀ་བྱེད་པ་མཐོང་དུས་ཁོང་གིས་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད། “ཚ་ཚ་འུར་འུར་ངང་ལས་ཀ་བྱེད་པ་དེས་ཁོང་ཚོ་དེ་གར་རྩ་བ་ཚུགས་པ་ཤེས་ཐུབ”ཅེས་བཤད།

    “སྡོད་ཁང་ལ་སེམས་ཁྲལ་བྱེད་པ”ནས“སྡོད་ཁང་ལེགས་སུ་ཕྱིན་པའི”བར་དང“འཚོ་ཐབས་བྱེད་པ”ནས“ལས་བརྩོན་ཐུབ་པའི”བར། བྲག་དཀར་ལུང་ཤུར་དུ་གངས་ལྗོངས་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚ་རླབས་འཕྱུར་ཡོད། སྒོར་དུང་ཕྱུར་1.76བཏང་བའི་གྲོང་གསར་འཛུགས་སྐྲུན་གྱི་མ་དངུལ་ནི་གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་མ་དངུལ་དང་། བོད་སྐྱོར་རྣམ་གྲངས་མ་དངུལ། ཡུལ་མིའི་རང་གྲབས་མ་དངུལ་བཅས་བསྡུ་སྒྲིལ་བྱས་པ་ལས་བྱུང་བ་ཞིག་རེད། བོད་ཀྱིས་སྐྱེ་ཁམས་སྔོན་འཇོག་མཐའ་འཁྱོངས་དང་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་སྐུལ་འདེད་བཏང་ཞིང་། ཟངས་རི་རྫོང་གིས་ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་རྒུན་འབྲུམ་ཐོན་ཁུལ་བཏོད་པ་ལ་སོགས་དུས་རབས་ཀྱིས་སྔར་བས་ཡངས་པའི་མདུན་ལམ་བཏོད་པས་ཡུལ་མི་ཚོས་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ཏེ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་ཐུབ་པ་བྱུང་ཡོད།

    དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་ཡངས་པའི་ས་གཞིའི་ཐོག་རྩ་བ་ཚུགས་པ་དང་། བྲག་དཀར་གྲོང་གསར་དང་འདྲ་བའི་མཛེས་སྡུག་ལྡན་པའི་གྲོང་གསེབ་རེ་རེ་རྦད་དེ་དབུལ་སྒྲོལ་ཐུབ་ནས་དུས་རབས་ཀྱི་གོམ་བགྲོད་དང་བསྟུན་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ལམ་ཆེན་ཐོག་འབད་འབུངས་མདུན་སྐྱོད་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།