ཟླ་དང་པོ་ནས་བཅུ་པའི་བར།
གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་2.51ལ་སྒྱུར་བཀོད་བྱས་པ།
གསར་འགོད་པར་སྡོད་ཁང་འཛུགས་སྐྲུན་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་2.51ལ་སྒྱུར་བཀོད་བྱས་པ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་24ལྷག་ཙམ་ལ་སྒྱུར་བཀོད་བྱས་པར། དུད་ཚང་ཁྲི་4000ལྷག་ཙམ་དང་མི་དུང་ཕྱུར་1.1ལ་ཕན་པ་ཐོབ་ཡོད་པ་དང་། གློག་སྐས་ཁྲི་12.9གསར་དུ་བསྒར་བ་དང་། རླངས་འཁོར་འཇོག་ས་ཁྲི་340ལྷག་ཙམ་བསྐྲུན་པ། རྒན་གསོ་དང་བཅོལ་ཉར་སོགས་སྡེ་ཁུལ་དུ་ཞབས་ཞུའི་སྒྲིག་བཀོད་ཁྲི་6.4ལྷག་ཙམ་གསར་དུ་བཙུགས་པ་རེད།
འབྲེལ་ཡོད་གསར་འགྱུར།