དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཡུན་ནན་ཡུན་རྫོང་གིས་ཤེས་ལྡན་པ་ཕ་ཡུལ་དུ་ལས་སྒྲུབ་ལས་གཏོད་བྱེད་པར་ལོག་རྒྱུའི་ཡིད་དབང་བཀུག་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བ།

    ཤེས་ལྡན་པ་ལོག་ཐུབ་པ་དང་། ཉར་ཐུབ་པ། འཕེལ་རྒྱས་ཡག་པོ་ཐུབ་པ་བཅས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཡེ་ཁྲོན་ཙེང་།   |     སྤེལ་དུས།  2025-12-07

    དགུན་དུས་སུ། ཡུན་ནན་ཞིང་ཆེན་ལིན་ཚང་གྲོང་ཁྱེར་ཡུན་རྫོང་ཨའེ་ཧྭ་གྲོང་རྡལ་ཞའོ་མང་ཐུའུ་གྲོང་ཚོའི་ནགས་གསེབ་ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་རྟེན་གཞིར་སྔར་བཞིན་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། “ཟླ་12པ་ནི་སྨན་རྩྭ་བསྡུ་བའི་དུས་ཚོད་རེད། ལྕགས་ཏིག་ནག་པོའི་སྐྱེ་འཚར་ཡག་པས། ཐོན་འབབ་ཀྱང་ཡག་པོ་ཡོང་ངེས་རེད”ཅེས་རྟེན་གཞིའི་འགན་འཁུར་བ་ཧོ་ཧྥུང་ཁྲུན་གྱིས་བརྗོད།

    ལོ་ཤས་གོང་། ནང་མི་དང་བྲལ་མི་འདོད་པའི་ཁར། ཕ་ཡུལ་གྱི་ཀྲུང་ལུགས་སྨན་རྩྭའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ན་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད་སྟབས། ཧོ་ཧྥེང་ཁྲུན་པེ་ཅིང་ནས་ཕ་ཡུལ་ཡུན་རྫོང་དུ་ལོག་སྟེ་ལས་གཏོད་བྱས་པ་རེད།

    ཡུན་རྫོང་ནི་དེ་སྔ་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་ཞིག་ཡིན་ཞིང་། རི་ཁུལ་གྱི་རྒྱ་ཁྱོན་ཆེ་ལ་རྨང་གཞིའི་སྒྲིག་བཀོད་ཁ་ཐང་པོ་ཡོད་པས། ཧོ་ཧྥུང་ཁྲུན་གྱིས་རང་ཉིད་ཀྱི་གདམ་གར་གཡོ་འགུལ་ཐེབས་མྱོང་། འོན་ཀྱང་། ཡུན་རྫོང་གིས་ཕ་ཡུལ་དུ་ལོག་པའི་ཤེས་ལྡན་པར་མུ་མཐུད་རོགས་རམ་བྱས་སྟབས། ཁོང་གི་སེམས་ཁྲལ་ངང་གིས་ཞི།

    2022ལོར། ཧོ་ཧྥུང་ཁྲུན་གྱི་ནགས་གསེབ་ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་རྟེན་གཞི་བསྐྲུན་ཟིན། འོན་ཀྱང་། རྟེན་གཞིར་སྐྱོད་སའི་ལམ་ཡག་པོ་མེད་པས། དེས་ཁོང་ལ་སེམས་ཁྲལ་ཆེན་པོ་བྱུང་། ཁོང་གིས“ཆར་དུས་འདམ་རྫབ་ཀྱིས་ཁེངས་པ་དང་རྒྱུན་ལྡན་ཐལ་རྡུལ་གྱིས་ཁེངས་པས། སྐྱེལ་འདྲེན་བྱེད་དཀའ་བ་དང་ཉེན་ཁ་ཆེན་པོ་ཡོད། ལམ་ཁོད་སྙོམས་པོ་མེད་པས་རླངས་འཁོར་དལ་པོ་བཏང་ཚེ་དངོས་ཟོག་དུས་ཐོག་ཏུ་རྩིས་སྤྲོད་ཐུབ་ཨེ་ཡོང་སྙམ་པའི་སེམས་ཁྲལ་དང་། ཡང་རླངས་འཁོར་མགྱོགས་པོ་བཏང་ཚེ་ལམ་བར་དུ་འགྲིམ་འགྲུལ་ལས་འཛོལ་ཐོན་ཡོང་སྙམ་པའི་སེམས་ཁྲལ་ཆེན་པོ་འདུག”ཅེས་བརྗོད།

    ཁོང་གིས་རྩིས་རགས་ཙམ་བརྒྱབ་པ་བརྒྱུད། ལམ་འདི་བཟོ་བར་མ་མཐར་ཡང་སྒོར་ཁྲི་400དགོས་པས། འདེབས་འཛུགས་རྟེན་གཞི་ཁོ་ནས་དངུལ་མང་པོ་འདི་འདྲ་འདོན་ཐབས་བྲལ་ཡོད།

    འོ་ན། ལམ་བཟོ་བའི་གྲོན་དངུལ་གང་ནས་བྱུང་བ་ཡིན་ནམ་ཞེ་ན། ཡུན་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་ལིའུ་པིན་གྱིས“ང་ཚོས་རིམ་པ་ཁག་གི་རྣམ་གྲངས་མ་དངུལ་སྤྱི་འདོམས་བྱས་ནས་མ་དངུལ་གནད་ལ་འཁེལ་པོ་བཏང་སྟེ། ཁ་ཡོད་ལག་ཡོད་ཀྱིས་ཁེ་ལས་ལ་རོགས་རམ་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས་པ་དང་། ཁོང་ཚོས་ཧྲང་ཧའེ་དང་ཡུན་ནན་གྱི་རོགས་ལས་ལམ་སྲོལ་སྤྱད་དེ་རོགས་དངུལ་བརྩོན་ལེན་བྱས་ནས། རིང་ཚད་སྤྱི་ལེ་5ཡོད་པའི་ཨར་འདམ་ལམ་བཏིང་པ་རེད།

    ལམ་ཡག་ཏུ་ཕྱིན་པས་སྐྱེལ་འདྲེན་གྱི་ལས་ཀའང་སྟབས་བདེ་རུ་སོང་ཡོད། ཧོ་ཧྥུང་ཁྲུན་གྱིས“ང་ཚོས་མ་དངུལ་དེ་བས་མང་བ་རྟེན་གཞི་འཛུགས་སྐྲུན་དང་སོན་མྱུག་ཉོ་ཆེད་བཏང་ནས་ཡུལ་མི་ཚོའི་སྣེ་ཁྲིད་དེ་མཉམ་དུ་ལས་གཏོད་བྱེད་བཞིན་ཡོད”ཅེས་བརྗོད།

    ཡུན་རྫོང་གིས“ཁེ་ལས་དང་། གྲོང་ཚོའི་མཉམ་སྡེབ། ཞིང་དུད་བཅས་ཟུང་འབྲེལ”གྱི་རྟེན་གཞི་མཉམ་སྐྲུན་བྱེད་སྟངས་ཁྱབ་གདལ་བཏང་ཞིང་། ཧོ་ཧྥུང་ཁྲུན་གྱི་ཤིན་ཧོ་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་སྣེ་ཁྲིད་དེ་ཀྲུང་ལུགས་སྨན་རྩྭའི་ཐོན་ལས་མཉམ་ལས་ཁང་བཙུགས་ནས་ཞིང་དུད་དེའི་ནང་ཞུགས་སུ་བཅུག་པ་རེད།

    རྟེན་གཞི་མཉམ་སྐྲུན་བྱེད་སྟངས་ལ་གཞིགས་ནས། ཡུན་རྫོང་གི་ཤང་དང་གྲོང་རྡལ་12ཀྱི་མཐོ་གྲང་རི་ཁུལ་གྱི་གྲོང་མིས་སྔ་རྗེས་སུ་མཉམ་ལས་ཁང་20ལྷག་ཙམ་བཙུགས་ཏེ། ལྕགས་ཏིག་ནག་པོ་མུའུ་ཁྲི་14དང་ཡུན་ནན་གྱི་ར་མཉེ་མུའུ་3000འདེབས་འཛུགས་བྱས་པས། དབུལ་སྒྲོལ་དུད་ཚང་600འབབ་འཕར་ཕྱུག་འགྱུར་བྱུང་ཡོད།

    “ཤེས་ལྡན་པ་ནི་ཐོན་ལས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཡིན་པས། ཤེས་ལྡན་པ་གནས་ཐུབ་པ་བྱེད་པར་མ་དངུལ་ནས་རྒྱབ་སྐྱོར་བྱེད་དགོས་ལ་ཁོང་ཚོར་ཐོན་ཁུངས་དེ་བས་མང་བ་སྦྲེལ་མཐུད་བྱེད་དགོས། བར་བརྒལ་དུས་སྐབས་སུ་དབུལ་ལོག་མི་ཐོན་པའི་ཆེད་ཡུན་རྫོང་གིས་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་གི་ཡོད”ཅེས་ཡུན་རྫོང་རྫོང་ཨུད་རྩ་འཛུགས་པུའི་པུའུ་དོན་ཨུ་ཡོན་ཀྲང་ཀོང་ཡུས་ཀྱིས་བཤད།

    ཚན་རིག་དང་མཐུན་པའི་འདེབས་འཛུགས་ཉམས་མྱོང་མེད་པའི་དབང་གིས་ལྕགས་ཏིག་ནག་པོ་འདེབས་སྐབས་ནད་འབུའི་གནད་དོན་སྐབས་ཤིག་རིང་མངོན་གསལ་དོད་དུ་ཕྱིན་ནས་སྤུས་ཚད་དང་ཐོན་འབོར་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཇི་ལྟར་བྱས་ནས་ཕ་ཡུལ་དུ་ལོག་པའི་ལས་གཏོད་པ་དེའི་ཐད་ཆ་རྒྱུས་མེད་པ་ནས་བྱང་ཆུབ་པར་འགྱུར་བ་བྱེད་དགོས་སམ། ཡུན་རྫོང་གིས“རིགས་གཅིག་མཁས་ཅན་བརྒྱ་གཤམ་སྐྱོད”ཀྱི་བྱེད་སྒོ་སྤེལ་བ་དང“རིགས་གཅིག་མཁས་ཅན་གྱི་སློབ་ཁྲིད་དང་རྟེན་གཞིར་དངོས་སྦྱོང་ཟུང་འབྲེལ”གྱི་གསོ་སྐྱོང་ལམ་སྲོལ་ཁྱབ་གདལ་བཏང་ནས། ཁེ་ལས་ལ་རྩལ་ནུས་གསོ་སྦྱོང་དང་ཚན་རྩལ་ཤེས་ལྡན་པའི་ཐོན་ཁུངས་གནད་སྨིན་སྦྲེལ་མཐུད་བྱེད་རོགས་བྱས་པ་རེད།

    ཤེས་ལྡན་པ་སྔར་བས་མང་བ་ཕ་ཡུལ་དུ་ལོག་ཡོང་ཡོད། “གཞོན་ནུ་རྣམས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་ཏེ་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་ཀྱི་ཡོད་མོད། འོན་ཀྱང་རྐྱང་རྒྱུག་རྐྱང་འཐབ་བྱེད་པས་འཕེལ་རྒྱས་འགྲོ་འགོར་པོ་ཡོད། ཕ་ཡུལ་དུ་ལོག་པའི་ཤེས་ལྡན་པའི་ལས་སྒྲུབ་དང་ལས་གཏོད་ལ་རོགས་རམ་བྱ་ཆེད། སྡེ་ཚོགས་རྫོང་ཨུད་ཀྱིས་སྣེ་ཁྲིད་དེ་ཡུན་རྫོང་གི་གཞོན་ནུའི་ལས་གཏོད་མཐུན་ཚོགས་བཙུགས་ནས་གཟའ་འཁོར་རེའི་གཟའ་ཕུར་བུར‘ལས་གཏོད་པའི་བགྲོ་གླེང’གཉེར་ཏེ། ཕ་ཡུལ་དུ་ལོག་པའི་ལས་གཏོད་པར་ཉམས་མྱོང་མཉམ་སྤྱོད་དང་ཐོན་ཁུངས་སྦྲེལ་མཐུད་བྱེད་པའི་སྦྲེལ་ཟམ་བསྐྲུན་ཡོད”ཅེས་གུང་གཞོན་སྡེ་ཚོགས་ཡུན་རྫོང་རྫོང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་དང་ཏ་ཀྲའེ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཀྲེན་ཀྲང་བཅས་ཡིན་པའི་དབྱང་ཅ་མིང་གིས་ངོ་སྤྲོད་བྱས་པ་རེད།

    མཐུན་ཚོགས་ཀྱི་ཚོགས་མི་ལི་ལིན་ཁང་གིས་ཕ་ཡུལ་དུ་ལོག་རྗེས་ཕིང་དང་སེ་ཡབ་སྐྱུར་མོ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་ཚོང་བྱེད་པ་དང་དྲ་ཐོག་གི་ཕྱིར་ཚོང་ཐབས་ལམ་རྒྱ་སྐྱེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཁོང་གིས“ལས་གཏོད་པའི་བགྲོ་གླེང”བརྒྱུད་དེ་སྔ་ཀྲེ་ཅང་དུ་གླ་པ་རྒྱུག་མྱོང་བ་དང་ཕ་ཡུལ་དུ་ལོག་རྗེས་དྲ་ཐོག་ནས་ཇ་ལོ་ཚོང་མཁན་ཧོང་རུང་ཆིང་ངོ་ཤེས། ཐད་གཏོང་ཁང་འཛུགས་པ་དང་དྲ་ཐོག་ནས་ཐོན་རྫས་འཚོང་བ་ནས་རྒྱུན་འདྲེན་ཐབས་ཇུས་བར་ཧོང་རུང་ཆིང་གིས་མཛུབ་ཁྲིད་ཞིབ་ཚགས་བྱས་ནས་ལི་ལིན་ཁང་ལ་དྲ་ཐོག་ཚོང་ཁང་འཛུགས་རོགས་བྱས་པ་རེད།

    “གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་ཤེས་ལྡན་པར་བརྟེན་ནས་དར་རྒྱས་གཏོང་རྒྱུ་དང་ཁ་འབྲལ་ཐབས་མེད། ང་ཚོས་མུ་མཐུད་ཁོར་ཡུག་ཡག་པོ་བཏོད་དེ་ཕ་ཡུལ་དུ་ལོག་མཁན་ཤེས་ལྡན་པ་ཕྱིར་ལོག་ཐུབ་པ་དང་། གནས་ཐུབ་པ། འཕེལ་རྒྱས་ཡག་པོ་ཐུབ་པ་བཅས་བྱས་ནས་གྲོང་གསེབ་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ་ཕ་ཡུལ་དང་མཉམ་དུ་འཚར་ལོངས་ཡོང་བ་བྱེད་ཀྱི་ཡིན”ཞེས་ཡུན་རྫོང་རྫོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་རྩ་འཛུགས་པུའི་པུའུ་ཀྲང་ཀྲའོ་ཤིའུ་མེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།