ཟླ་དང་པོ་ནས་བཅུ་པའི་བར།
མཉེན་ཆས་ལས་སྒོའི་ཡོང་འབབ་དུས་མཚུངས་ལས་13.2%འཕར་བ།
བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་བཅུ་པའི་བར། རང་རྒྱལ་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་125104 ཟིན་པ་དེ་དུས་མཚུངས་ལས་13.2%འཕར་བ་དང་། མཉེན་ཆས་ལས་རིགས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་15721ཟིན་པ་དེ་དུས་མཚུངས་ལས་7.7%འཕར་བ། མཉེན་ཆས་ལས་སྒོ་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་510.9ཟིན་པ་དེ་དུས་མཚུངས་ལས་6.7%འཕར་ནས། འཕར་ཚད་ཟླ་བ་བརྒྱད་བསྟུད་མར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།
མཉེན་ཆས་ཐོན་རྫས་ཀྱི་ཡོང་འབབ་བརྟན་པོ་འཕར་ཞིང་། ཟླ་དང་པོ་ནས་བཅུ་པའི་བར། མཉེན་ཆས་ཐོན་རྫས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་26504ཟིན་པ་དེ་དུས་མཚུངས་ལས་11.2%འཕར་བ་དང་། དེས་ལས་རིགས་ཡོངས་ཀྱི་ཡོང་འབབ་ཁྲོད་བཟུང་བའི་བསྡུར་ཚད་21.2%ཟིན་ཡོད། དེའི་ནང་རྨང་གཞིའི་མཉེན་ཆས་ཐོན་རྫས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་1583ཟིན་པ་དེ་དུས་མཚུངས་ལས་12.0%འཕར་བ་དང་། བཟོ་ལས་མཉེན་ཆས་ཐོན་རྫས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་2619ཟིན་པ་དེ་དུས་མཚུངས་ལས་9.9%འཕར་ཡོད།
ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཡོང་འབབ་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་ཐུབ་ཅིང་། ཟླ་དང་པོ་ནས་བཅུ་པའི་བར། ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཡོང་འབབ་སྒོར་དུང་ཕྱུར་86053ཟིན་པ་དེ་དུས་མཚུངས་ལས་14.4%འཕར་བ་དང་། དེས་ལས་རིགས་ཡོངས་ཀྱི་ཡོང་འབབ་ཁྲོད་68.8%བཟུང་ཡོད། དེའི་ནང་སྤྲིན་རྩིས་དང་གྲངས་གཞི་ཆེན་པོའི་ཞབས་ཞུའི་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་13078ཟིན་པ་དེ་དུས་མཚུངས་ལས་13.4%འཕར་ཡོད། འདུས་གྲུབ་གློག་ལམ་ཇུས་འགོད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་3591ཟིན་པ་དེ་དུས་མཚུངས་ལས་17.2%འཕར་བ་དང་། དྲ་ཐོག་ཚོང་དོན་ལས་སྟེགས་ཀྱི་ལག་རྩལ་ཞབས་ཞུའི་ཡོང་འབབ་སྒོར་དུང་ཕྱུར་11576ཟིན་པ་དེ་དུས་མཚུངས་ལས་12.1%འཕར་ཡོད།
ཆ་འཕྲིན་བདེ་འཇགས་ཀྱི་ཡོང་འབབ་དང་བསྒར་འཇུག་མ་ལག་མཉེན་ཆས་ཀྱི་ཡོང་འབབ་བརྟན་པོ་འཕར་ཞིང་། ཟླ་དང་པོ་ནས་བཅུ་པའི་བར། ཆ་འཕྲིན་བདེ་འཇགས་ཐོན་རྫས་དང་ཞབས་ཞུའི་ཡོང་འབབ་སྒོར་དུང་ཕྱུར་1810ཟིན་པ་དང་། བསྒར་འཇུག་མ་ལག་མཉེན་ཆས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་10736ཟིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།