དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དྲ་རྒྱའི་ཐད་གཏོང་ལ་རྔན་པ་སྤྲོད་པའི་ཟང་ཟིང་གི་སྣང་ཚུལ་ལ་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས་བཅོས་སྒྲིག་གཏིང་ཟབ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-07

    ཚེས་3ཉིན་གསར་འགོད་པས་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར། “དྲ་རྒྱའི་ཐད་གཏོང་ལ་རྔན་པ་སྤྲོད་པའི་ཟང་ཟིང་གི་སྣང་ཚུལ་བཅོས་སྒྲིག་བྱེད་པའི”ཆེད་དོན་བྱ་སྤྱོད་སྤེལ་ནས་ཟླ་བ་གཅིག་སོང་ཚུན། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས་དྲ་ཚུགས་ལས་སྟེགས་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ཏེ། དྲ་རྒྱའི་ཐད་གཏོང་ཚོགས་པ་དང་མི་སྒེར་གྱིས་ཐ་ཤལ་གྱི་བྱེད་ཐབས་ལ་བརྟེན་ནས་རྔན་པ་གཡོ་ལེན་བྱེད་པ་དང་། ན་སོ་དར་ལ་མ་བབས་པའི་མིའི་ས་ནས་རྔན་པ་བསླུ་བྲིད་བྱེད་པ། སྤྱོད་མཁན་ལ་ལུགས་དང་མི་མཐུན་པར་རྔན་པ་སྤྲོད་པའི་སྐུལ་སློང་བྱེད་པ་སོགས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། གཙང་བཤེར་ཐག་གཅོད་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། རྔན་པ་སྤྲོད་པའི་སྒྲིག་སྲོལ་དང་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཐད་གཏོང་ལ་རྔན་པ་སྤྲོད་པའི་ཁེ་སྤོགས་ཚད་ལྡན་དུ་གཏོང་བ་བཅས་བྱས་ཡོད།

    མིག་སྔར། རིམ་རྩིས་བརྒྱབ་ན་སྒྲིག་འགལ་གྱི་ཐད་གཏོང་ཁང་ཁྲི་7.3ལྷག་ཙམ་དང་རྩིས་ཁྲའི་ཨང་རྟགས་ཁྲི་2.4ལྷག་ཙམ་ལ་ཐག་གཅོད་བྱས་པ་དང་། དྲ་ཚུགས་ལས་སྟེགས་ཀྱིས་བཅོས་སྒྲིག་གི་སྤྱི་བསྒྲགས་དང་དཔེ་མཚོན་གྱོད་དཔེ་དུས་ཐེངས་28ཁྱབ་བསྒྲགས་བྱ་རྒྱུར་མཛུབ་ཁྲིད་བྱས་པ། དགའ་པོ་བྱེད་མཁན་མང་བའི་ཐད་གཏོང་གི་ཨང་རྟགས་ཁག་གཅིག་ལ་རྡུང་རྡེག་ནན་པོ་བཏང་བ། རྔན་པ་སྤྲོད་པའི་ཟང་ཟིང་གི་བྱེད་སྤྱོད་ལ་ཟིལ་གནོན་གྱི་རྣམ་པ་ཆགས་པར་བྱས་ཏེ་རོལ་རྩེད་ཚོགས་པའི་ཐད་གཏོང་སོགས་གནད་དོན་གཅིག་སྡུད་ཁྱབ་ཁོངས་ཀྱི་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་འགྲོ་བ་དང་། རྔན་པ་མང་ཉུང་བསྡུར་བ་དང་རྔན་པ་གཡོ་ལེན་བྱེད་པ་སོགས་ཀྱི་བྱེད་སྤྱོད་ངན་པ་བཀག་འགོག་ནུས་ལྡན་བྱས་པས་ལས་རིགས་ཀྱི་དར་སྲོལ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།