གནམ་ཐང་འབབ་ཚུགས་གསར་པ་སྤྱད་ནས་ཟླ་བ་གཅིག་ཕྱིན་པ།
ཀོང་ཀྲོའུ་པའེ་ཡུན་གནམ་ཐང་གི་འགྲུལ་རྒྱུན་དང་མཁའ་ལམ་གཉིས་འཕར་བྱུང་བ།
གསར་འགོད་པས་ཀོང་ཀྲོའུ་པའེ་ཡུན་རྒྱལ་སྤྱིའི་གནམ་ཐང་ནས་ཤེས་རྟོགས་བྱས་པར། པའེ་ཡུན་གནམ་ཐང་གི་T3གནམ་ཐང་འབབ་ཚུགས་སྤྱད་ནས་ཟླ་བ་གཅིག་སོང་ཚུན་པའེ་ཡུན་གནམ་ཐང་གི་འགྲུལ་རྒྱུན་དང་མཁའ་ལམ་གཉིས་འཕར་བྱུང་ནས། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་མཁའ་འགྲུལ་བྱ་གཞག་ལ་གསོན་ཤུགས་གསར་པ་བསྣན་ཡོད།
ཟླ་10ཚེས་30ཉིན། པའེ་ཡུན་གནམ་ཐང་གི་T3གནམ་ཐང་འབབ་ཚུགས་དང་རྒྱུག་ལམ་ལྔ་པ་དངོས་སུ་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་གནམ་ཐང་དེ“རྒྱུག་ལམ་ལྔ་དང་གནམ་ཐང་འབབ་ཚུགས་གསུམ་ཟུང་འབྲེལ”གྱི་འཁོར་རྒྱུག་དུས་རབས་སུ་སླེབས་པ་མཚོན་ཡོད། ཟླ་12ཚེས་2ཉིན་བར། པའེ་ཡུན་གནམ་ཐང་གིས་ད་ལོ་བསྡོམས་རྩིས་བརྒྱབ་ན། འགྲུལ་པ་མི་ཐེངས་ཁྲི་7652སྐྱེལ་འདྲེན་བྱས་ནས་2024ལོའི་ལོ་ཧྲིལ་པོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་7637ལས་བརྒལ་ཡོད་པ་རེད། དེའི་ནང་ཆུ་ཚོད་240རིང་གི་རྒྱལ་གྲོལ་འཐུས་མཆན་མི་དགོས་པའི་སྲིད་ཇུས་ལ་བརྟེན་ནས་རྒྱལ་སྤྱིའི་འགྲུལ་པ་མི་ཐེངས་ཁྲི་1584ཟིན་ནས་དུས་མཚུངས་ལས་19.01%འཕར་ནས་འགྲུལ་པ་ཡོངས་ཀྱི་བསྡུར་ཚད་ཁྲོད་20.70%བཟུང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།