རྨ་ཆུའི་འགག་གསུམ་ཟམ་ཆེན་གྱི་ཨར་སྐྲུན་མཇུག་འགྲིལ་ཉེར་ཡོད་པ་དང་སྔོན་དཔག་ལྟར་ན་ཟླ་12པའི་ཟླ་མཇུག་ཏུ་ཡོངས་སུ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ།

ཟམ་པ་འདི་ནི་ཅི་ཤིན་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པ་དང་། དེ་ཧོ་ནན་ཅི་ཡོན་དང་ཤིན་ཨན་སྦྲེལ་མཚམས་ཀྱི་ཝང་ཝུའུ་ཧྲན—ཏའེ་མེ་ཧྲན་འཛམ་གླིང་ས་གཤིས་སྤྱི་གླིང་དུ་གནས་ཤིང་། དེའི་སྤྱིའི་རིང་ཚད་སྨི་1688.5དང་། བར་བརྒལ་ཆེ་ཤོས་སྨི་555 ཟམ་ལྕོག་མཐོ་ཚད་སྨི་109བཅས་ཟིན་གྱི་ཡོད་པ་རེད།
ཅི་ཤིན་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་རྗེས། ཧྲན་ཤིས་དང་ཧོ་ནན་གཉིས་ཀྱི་འགྲིམ་འགྲུལ་དྲ་རྒྱ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ནས། ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།