ཀོང་ཤིས་ཀྱི་ཡུལ་སྐོར་ལོའི་དབུ་དཀར་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཐོག་མ་བཏང་བ།
ཟླ་12ཚེས་3ཉིན་གྱི་ཆུ་ཚོད་10དང་སྐར་མ་26ལ། ཀོང་ཤིས་ཀྱི་ཡུལ་སྐོར་ལོའི་དབུ་དཀར་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཐོག་མ་Y876རྟགས་ཅན་དེ་ནན་ཉིང་འབབ་ཚུགས་ནས་ཐོན་ཞིང་། འགྲུལ་པ་240ཡིས་ནན་ཏན་རྫོང་ཁོངས་སུ་ཉིན་གསུམ་དང་མཚན་གཉིས་ཀྱི“ཡའོ་རིགས་ཀྱི་སྦས་ཡུལ·རྒྱ་མཚལ་གྱི་ཞིང་ཁམས”ཞེས་པའི་དགུན་གསེང་ཡུལ་སྐོར་བྱེད་འགོ་ཚུགས་པ་རེད།
ཐེངས་འདིའི་བྱེད་སྒོ་ནི་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་དང་། རྒྱལ་ཁབ་ལྕགས་ལམ་ནན་ནིང་ཅུས་ཀྱིས་མཉམ་དུ་སྤེལ་བ་ཡིན་ཞིང་ཡུལ་སྐོར་ཆེད་གཏོང་ལམ་ཐིག་5ཡོད་ལ། རྒན་འཕྲོད་ཅན་དང་སྐྱིད་སྣང་ཅན་ལ་དམིགས་ནས་འདྲེད་འགོག་ལག་སྐྱོར་དང་། ཛ་དྲག་འབོད་བརྡའི་མ་ལག མཉམ་སྐྱོད་སྨན་དོན་མི་སྣ་བཅས་བཀོད་སྒྲིག་བྱས་ནས། ཡུལ་སྐོར་བདེ་འཇགས་ཡོང་བའི་འགན་ལེན་བྱས་ཡོད་པ་རེད། ཉིན་དེར་ནན་ཉིང་ནས་ནན་ཏན་ལ་བཏང་བའི་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཐོག“ཀོང་ཤིས་སྐོར་བའི”ཡུལ་སྐོར་ཆེད་གཏོང་མེ་འཁོར་གྱི་ནུས་མང་འཁོར་སྒྲོམ་ཐེངས་དང་པོར་བེད་སྤྱོད་བྱས་ནས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཉམས་ལེན་མཁོ་འདོན་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།