དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཚན་མོའི་ཁྲོམ་ར་འཁྲུག་ཆ་དོད། གྲོང་ཁྱེར་འཕེལ་རྒྱས་གསོན་ཤུགས་རྒྱས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-07

    “མཚན་མོའི་དཔལ་འབྱོར”ནི་གྲོང་ཁྱེར་གྱི་གཟུགས་བརྙན་མངོན་པའི“མིང་བྱང”གལ་ཆེན་ཞིག་ཡིན་ལ། གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཀྱང་ཡིན། ཁྲོམ་གཞུང་སྒྱུ་རྩལ་བས་སྐབས་བསྟུན་འཁྲབ་སྟོན་བྱེད་པ་ནས་གཡོས་སྦྱོར་གྱི་འདུ་ལོང་འཁྲུག་པའི་བཟའ་བཅའི་ཁྲོམ་བཀྱག་བར་དང་། རོལ་དབྱངས་ཚོམས་ཆེན་གྱི་དབྱིངས་ཞུགས་འཁྲབ་སྟོན་ནས་ཚོང་རའི་མི་ཚོགས་ཀྱི་འདུ་འཛི་བར། ལས་རྣམ་སྣ་ཚོགས་གཞི་གཅིག་ཏུ་འདུས་ནས་མཚན་མོའི་འཚོ་བའི་རི་མོ་གསོན་ཉམས་དོད་པོ་ཞིག་གྲུབ་ཡོད།

    འཛམ་གླིང་གི་གྲོང་ཁྱེར་གྲགས་ཅན་མང་པོར“མཚན་མོའི་དཔལ་འབྱོར”དར་ཁྱབ་བྱུང་ཡོད། དེ་ནི་འཛད་སྤྱོད་རྒྱ་སྐྱེད་ཙམ་མ་ཡིན་པར་རྒྱལ་ཁབ་ཁག་གིས་ནང་ཁུལ་གྱི་དགོས་མཁོ་ཆེ་རུ་གཏོང་བ་དང་། ཁྲོམ་ར་འཁྲུག་ཏུ་གཏོང་བ། དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཐད་འབད་བརྩོན་ལྷོད་མེད་བྱས་ཏེ། རིག་གནས་མཉམ་འདྲེས་མཉམ་གནས་ཀྱི་གཏམ་རྒྱུད་གསོན་ཉམས་དོད་པོ་རྒྱུན་ཆད་མེད་པར་བརྗོད་པ་ཞིག་རེད།

    སྒྱུར་བཅོས་ལམ་ཆེན་ནི་མོ་ཞི་ཁོའི་རྒྱལ་ས་མོ་ཞི་ཁོ་གྲོང་གི་ཚོང་ལས་ཁྲོམ་གཞུང་གཙོ་བོ་ཡིན་པ་དང་། དེ་གའི་མཚན་ཁྲོམ་གྱིས་གྲོང་ཁྱེར་གྱི་རྒྱུན་གཏན་འཚོ་བར་གཡོས་སྦྱོར་གྱི་འདུ་ལོང་དང་སྣ་མང་རིག་གནས་ཀྱི་རྣམ་པ་ཟབ་མོ་ཞིག་བསྣན་ཡོད། འདི་ནི་ཁུ་ནག་བཏུང་བྱའི་ཁྲོམ་བཀྱག་ཅིག་ཡིན་པ། (འདི་ག་ཚགས་པར་ཁང་གི་མོ་ཞི་ཁོར་བཅའ་སྡོད་ཡན་ལག་ཁང་གི་ཨའེ་ནེ་སི་ཐུའོ·ཏུའོ་མིང་ཀེ་སིས་པར་བླངས)

    དབྱི་ཐ་ལིའི་སྨི་ལན་དུ་ཡོད་པའི་རྒྱ་སྡེའི་ཁྲོམ་གཞུང་དུ་རྒྱ་ཟས་སྣ་མིན་སྣ་ཚོགས་ཡོད་པར་དེ་གའི་མིས་ཧ་ཅང་དགའ་པོ་བྱེད་ལ། མཚན་མོའི་འཛད་སྤྱོད་བྱ་ཡུལ་ཐུན་མོང་མ་ཡིན་པ་ཞིག་ཏུ་གྱུར་ཡོད། འདི་ནི་ས་གནས་ཀྱི་དམངས་ཚོགས་ཀྱིས་ལ་ཕིང་གྲང་མོ་དང་ཤ་བག་ལེབ་ཉོ་བཞིན་པ། (ཧྥེ་ལི་ཕུའུ་·པུའུ་ཏི་ཐ་ཡིས་པར་བླངས)

    པར་ཙིར་གྱི་ཧྲེང་ཁ་ཐ་ལིན་ནཱ་ཀྲོའུ་ཧྥུ་ལོ་ལི་ཡ་ནོ་པོ་ལི་སི་གྲོང་ཁྱེར་དུ་གནས་པའི་པི་ཡ་ཏིའི་ཆེད་ཚོང་ཁང་ནི། པར་ཙིར་དུ་བཙུཌ་པའི་པི་ཡ་ཏིའི་ཚོང་ཁང་ཨང་བརྒྱ་ཐམ་པ་དེ་ཡིན། ས་རུབ་པའི་སྐབས། ཚོང་ཁང་གིས་གློག་འོད་ཁྲ་ཆིལ་ལེར་སྤར་ནས་དེ་གའི་དམངས་ཚོགས་བློ་འདྲི་དང་མྱོང་རོལ་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཡོད། (འདི་ག་ཚགས་པར་ཁང་གི་ལ་ཏིང་མེ་གླིང་དུ་བཅའ་སྡོད་ལྟེ་གནས་ཡན་ལག་ཁང་གི་ཨེན་ལི་ཁེ·ཝེ་ཨེར་ལ་ཡིས་པར་བླངས)

    འཇར་མན་གྱི་རྒྱལ་ས་པེར་ལིན་ནི་རིག་གནས་སྣ་མང་འདུས་པ་ལས་སྐད་གྲགས་ཆོད་ལ། སྒྱུ་རྩལ་འཚོ་བ་ནི་གྲོང་ཁྱེར་དེའི“མཚན་མོའི་དཔལ་འབྱོར”ཁྲོད་ཆེས་གལ་འགངས་ཆེ་བའི་ནང་དོན་ཞིག་ཏུ་གྱུར་ཡོད། འདི་ནི་ཁྲོམ་གཞུང་གི་སྒྱུ་རྩལ་བ་ཞིག་གིས་པེར་ལིན་གྱི་ཨ་ལི་ཟན་དར་ཐང་ཆེན་གྱི་འཛམ་གླིང་ཆུ་ཚོད་ཆེན་པོའི་འོག་བརྩེ་བ་ཆེན་པོས་གླུ་ལེན་བཞིན་པ། (འདི་ག་ཚགས་པར་ཁང་གི་ཡོ་རོབ་ཏུ་བཅའ་སྡོད་ལྟེ་གནས་ཡན་ལག་ཁང་གི་ཞའོ་ཅིན་གྱིས་པར་བླངས)

    ཁམ་ཕུ་ཁྲེའི་གྲོང་ཁྱེར་ཕ་ནོམ་ཕེན་གྱི་མཚན་ཁྲོམ་ནི་ཕ་ནོམ་ཕེན་གྲོང་ཁྱེར་གྱི་ལྟེ་བར་གནས་པའི་མཐོངས་ཡངས་ཁྲོམ་ར་ཞིག་ཡིན་པ་དང་། དེར་སིལ་ཟས་དང་། ལག་ཤེས་ཐོན་རྫས། གྱོན་ཆས་བཅས་སྣ་ཁ་ཕུན་སུམ་ཚོགས་པས་སྐད་གྲགས་ཆེན་པོ་ཡོད། འདི་ནི་ཕ་ནོམ་ཕེན་གྱི་མཚན་ཁྲོམ་ཡིན་པ། (འདི་ག་ཚགས་པར་ཁང་གི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དུ་བཅའ་སྡོད་ལྟེ་གནས་ཡན་ལག་ཁང་གི་ཆའོ་ཨིན·ཐི་ཡ་ལས་པར་བླངས་པ)

     ཐེ་ལན་གྲོང་ཁྱེར་པང་ཁོག་ཏུ་ཡོད་པའི་རྒྱ་སྡེའི་ཁྲོམ་གཞུང་ནི་དེ་གར་དར་རྒྱས་ཆེ་ཤོས་ཀྱི་ཚོང་ལས་ཁུལ་ཞིག་ཡིན་པ་དང་། དེ་གའི་མཚན་ཁྲོམ་གྱིས་ས་གནས་དེ་གའི་གྲོང་མི་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོའི་ཡིད་ཀྱི་བརྟན་པ་བཀུག་ཡོད། འདི་ནི་ཚོང་ཁང་ཆུང་ངུའི་མ་བྱན་ཞིག་གིས་ཚལ་རྔོ་བཞིན་པ། (འདི་ག་ཚགས་པར་ཁང་གི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དུ་བཅའ་སྡོད་ལྟེ་གནས་ཡན་ལག་ཁང་གི་ཕུའུ་ལ་ཝེས་པར་བླངས)

     ས་སྲོད་དུ་སི་ཕེན་གྱི་གྲོང་ཁྱེར་མ་ཏེ་རིའི་ཁོ་ལི་སའེ་མུའུ་ཟློས་གར་ཁང་གི་སྤ་སེ་བཙོང་སར་གྲོང་མི་མང་པོས་གྲལ་སྟར་བསྒྲིགས་ཏེ་རྩེར་སོན་བྱིས་སྒྲུང་ནས་བཅོས་སྒྲིག་བྱས་པའི་གར་སྟེགས་རོལ་དབྱངས་ཟློས་གར་གསར་པ《བུ་མོ་ཐལ་རིས་མ》ཡི་སྤ་སེ་ཉོ་བཞིན་པ། (འདི་ག་ཚགས་པར་ཁང་གི་སི་ཕེན་དུ་བཅའ་སྡོད་ཡན་ལག་ཁང་གི་ཏ་ཝེ·ཨ་མེར་གྱིས་པར་བླངས)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།