སྡོད་ཁང་གསར་པར་སྤོས། འཚོ་བར་རེ་བས་ཁེངས།
དགུན་ཁ་ཤར་བ་དང་བསྟུན་ནས། ཇོ་མོ་གླང་མའི་འདབས་སུ་ཆགས་པའི་བོད་ལྗོངས་དིང་རིའི་ས་ཡོམ་གེགས་ཁུལ་དུ་བསྐྱར་སྐྲུན་བྱས་པའི་དུད་ཚང་ཁྲི་2.2ལྷག་ཙམ་གྱི་སྡོད་ཁང་དང་ཉམས་བཟོ་བརྟན་གཏོང་བྱས་པའི་དུད་ཚང་ཁྲི་1.05ལྷག་ཙམ་གྱི་ཁང་པ་ཚང་མ་རྩིས་སྤྲད་པས། མང་ཚོགས་རྣམས་གཅིག་རྗེས་གཉིས་མཐུད་ངང་སྡོད་ཁང་གསར་པར་སྤོས་ནས་དགུན་ཁ་དྲོ་སོབ་སོབ་ངང་སྐྱེལ་ཐུབ་པ་བྱུང་ཡོད་པ་རེད།
ད་ལོའི་ཟླ་1ཚེས་7ཉིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ནས་ཁང་པ་མང་པོ་བརྡིབས་ཤིང་། ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་གསུམ་པར་བོད་ཀྱིས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྤྱིའི་ཇུས་གཞི་བཟོས་ནས་མང་ཚོགས་སྡོད་ཁང་གི་བཟོ་ལྟ་ཇུས་འགོད་དང་། ཐིག་ལེན་རྩད་ཞིབ། ཞིག་རོ་གཙང་བཟོ་སོགས་ཀྱི་དུས་འགོའི་ལས་དོན་སྤེལ་ཞིང་། ཟླ་3པའི་ཟླ་འགོར་སྐྲུན་འགོ་ཚུགས་པ་དང་། ཟླ་6པའི་ཟླ་འགོར་ཕྱོགས་ཡོངས་ནས་ལས་འགོ་ཚུགས་ནས་ཟླ་10པའི་ཟླ་མཇུག་ཏུ་བསྐྲུན་ཟིན་པ་དང་འབྲེལ། གནོད་འཚེ་ཕོག་པའི་མང་ཚོགས་ལ་བསྐྱར་སྐྲུན་དང་ཉམས་བཟོ་བརྟན་གཏོང་གི་ཁང་པ་གསར་པ་རྩིས་སྤྲད་པ་རེད།

པར①ནི་བོད་ལྗོངས་དིང་རི་རྫོང་མཚོ་སྒང་ཤང་ཡེ་བྱང་གྲོང་ཚོའི་མང་ཚོགས་ཀྱི་སྡོད་ཁང་གསར་པ་ཡིན་པ།

པར②ནི་བོད་ལྗོངས་ལྷ་རྩེ་རྫོང་མདོ་མ་གྲོང་ཚོ་ནས་པར་བརྒྱབ་པའི་ཁྱིམ་ཚང་ཞིག་ཡིན་པ།

པར③ནི་བོད་ལྗོངས་དིང་རི་རྫོང་ཆུ་ལྷོ་ཤང་མཚོ་སྔ་གྲོང་ཚོའི་ཡུལ་མི་ཟླ་བ་སྒྲོལ་མས(རྒྱབ་ཀྱི་དཀྱིལ)ནང་མི་དང་མཉམ་དུ་སྡོད་ཁང་གསར་པའི་མདུན་དུ་དྲན་རྟེན་པར་རྒྱག་བཞིན་པ།

པར④ནི་བོད་ལྗོངས་དིང་རི་རྫོང་རྒྱ་མཚོ་ཤང་རྒྱ་ཕུ་གྲོང་ཚོའི་ཡུལ་མི་བྱམས་ཆུང(གཡོན་གྱི་གཉིས་པ)གིས་རང་ཁྱིམ་གྱི་སྡོད་ཁང་གསར་པར་ཡུལ་མི་སྤུན་མཆེད་ལ་སྣེ་ལེན་ཞུ་བཞིན་པ།

པར⑤ནི་བོད་ལྗོངས་དིང་རི་རྫོང་ཕན་སྤྱི་ཤང་ཆགས་པ་གྲོང་ཚོའི་ལོ་74ལ་སླེབས་པའི་རྒན་མོ་ཡེ་ཤེས་བཟང་མོ་རང་ཁྱིམ་གྱི་སྡོད་ཁང་གསར་པའི་ནང་བསྡད་ཡོད་པ་དང་། ཁོང་གནས་སའི་འབྲུག་སྟོད་རང་བྱུང་གྲོང་ཚོའི་ས་བབ་མཐོ་ཚད་སྨི་5200ཟིན་པ་དེ་ད་ཐེངས་ཀྱི་གེགས་རྗེས་བསྐྱར་སྐྲུན་གྱི་ས་བབ་མཐོ་ཤོས་ཀྱི་ས་ཆ་ཞིག་རེད།

པར⑥ནི་བོད་ལྗོངས་ལྷ་རྩེ་རྫོང་གཞིས་ཆེན་ཤང་མདོ་མ་གྲོང་ཚོའི་ཡུལ་མིས་ཁང་པ་གསར་པར་ཚོན་གཏོང་བཞིན་པ།

པར⑦ནི་བོད་ལྗོངས་དིང་རི་རྫོང་ཆུ་ལྷོ་ཤང་མཚོ་སྔ་གྲོང་ཚོའི་ཡུལ་མི་བསྟན་འཛིན(གཡོན)གྱིས་རང་ཁྱིམ་གྱི་སྡོད་ཁང་གསར་པའི་སྒོ་རའི་ནང་འབྲུ་གད་རྒྱག་བཞིན་པ།
འབྲེལ་ཡོད་གསར་འགྱུར།