དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རྒན་གསོའི་ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཡུས་ཤོན།   |     སྤེལ་དུས།  2025-12-07

    རྒན་རྒོན་གྱིས་ཐག་རིང་པོར་འགྲོ་མི་དགོས་པར་སོ་སོའི་སྒོ་རྩ་དང་ཐ་ན་སྒོ་འགྲམ་ནས་གོང་ཁེ་ཞིང་བློ་བདེ་བའི་ཁ་ལག་ཟ་ཆོག་ཅིང་། མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྲོང་དབུས་ཆུས་ནན་ཁྲོན་ནུབ་ལམ་ཁྲོམ་གཞུང་ཏུང་ཐའེ་སྡེ་ཁུལ་གྱིས་བདེ་སྐྱིད་ཟ་ཁང་གི་བཟའ་བཏུང་ཞབས་ཞུའི་ས་ཚིགས་མང་དུ་བཏང་བའི་བྱེད་ཐབས་སྤྱད་པ་ལས་དབུ་དཀར་ཚོགས་སྤྱིར་བཅངས་པའི་བརྩེ་སེམས་དེ་བྱ་སྤྱོད་དངོས་སུ་གྱུར་ཅིང་། འབད་བརྩོན་ལྷོད་མེད་དང་ལས་སྒྲུབ་ཏན་ཏིག་བྱས་པར་བརྟེན་རྒན་རྒོན་ཚོར་བདེ་སྐྱིད་ཐོབ་པ་ མ་ཟད། ཁོང་ཚོའི་ཁས་ལེན་ཡང་ཐོབ་ཡོད་པ་རེད།

    བཟའ་བཏུང་ཞབས་ཞུའི་ས་ཚིགས་ཆུང་ངུ་དེས་མི་དམངས་ལ་ཞབས་འདེགས་ཞུ་བའི་བརྩེ་སེམས་དང་འགན་འཁྲི་མཚོན་ཡོད། རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། ཕྱོགས་མང་མཐུན་སྦྱོར་བྱེད་པ། ཐོན་ཁུངས་བསྡུ་སྒྲིལ་བཅས་བྱས་པས། བཟའ་བཏུང་ཞབས་ཞུའི་ས་ཚིགས་མང་དུ་གཏོང་བའི་བསམ་ཚུལ་མགྱོགས་མྱུར་མངོན་འགྱུར་བྱུང་བ་དང་། དེའི་རྨང་གཞིའི་ཐོག དྲ་མིག་པ་སྐུལ་སློང་བྱས་ནས་ཁ་ལག་སྐྱེལ་བའི་ཞབས་ཞུ་མཁོ་འདོན་བྱས་པ་དང་། རྒན་རྒོན་གྱི་རེ་བ་ལྟར་ཟས་རིགས་ཕུན་སུམ་ཚོགས་སུ་གཏོང་བ། བཟའ་བཏུང་ཞབས་ཞུའི་ས་ཚིགས་ཀྱི་དམངས་ཕན་ཞབས་ཞུའི་ནུས་པ་རྒྱ་སྐྱེད་བཏང་བ་བཅས་ཀྱི་ཐོག་ནས་བསམ་བློ་མང་ཙམ་གཏོང་བ་དང་ལས་ཀ་མང་ཙམ་སྒྲུབ་པའི་སྤྱོད་ཚུལ་བཟང་པོ་མཚོན་ཡོད།

    སྤྱི་ཚོགས་ལས་རིགས་ཁག་གིས་རྒན་གསོའི་ཞབས་ཞུའི་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཚེ། ང་ཚོས་མི་འབོར་ན་རྒས་ཅན་ལ་རང་འགུལ་ངང་ཁ་གཏད་དེ་བས་ཡག་པོ་བཅག་ནས། རྒན་རྒོན་ཚོས་དེ་བས་ཡག་པའི་སྤྱི་ཚོགས་འགན་སྲུང་དང་སྤུས་ཀ་དེ་བས་ལེགས་པའི་འཚོ་བ་ལོངས་སུ་སྤྱོད་རྒྱུར་རམ་འདེགས་བྱེད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།