རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས།
ཞིང་པར་ཚོང་གཉེར་རོགས་རམ་ཧུར་ཐག་བྱས་པས་ཕན་འབྲས་བཟང་པོ་ཐོན་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་ལྷུན་གྲུབ་རྩེ་གྲོང་ཚོར་བཅའ་སྡོད་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་ལས་དོན་རུ་ཁག་ཁག་བཅུ་བཞི་པས་རང་འགུལ་ངང་ལས་དོན་བསྒྲུབས་པ་དང་འཚོང་ལམ་རྒྱ་སྐྱེད་བཏང་བས་ལྷུན་གྲུབ་རྩེ་གྲོང་ཚོའི་ད་ལོའི་ཞོག་ཁོག་ཚང་མ་བཙོངས་ཚར་ཡོད་པ་རེད།
གྲོང་སྡོད་ལས་དོན་རུ་ཁག་བཅའ་སྡོད་བྱས་ཚུན། “ཉིན་བརྒྱའི་རིང་གྲོང་ཚོ་དང་དུད་ཁྱིམ་དུ་སྐྱོད་པའི་བརྟག་ཞིབ་ཆེན་པོ”སོགས་ལས་དོན་བརྒྱུད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཞོག་ཁོག་འདེབས་ལས་རྣམ་གྲངས་ལ་ཞོག་ཁོག་འཚོང་མི་ཐུབ་པའི་དཀའ་ངལ་ཡོད་པ་ཤེས་རྟོགས་བྱུང་ཡོད།
གྲོང་སྡོད་ལས་དོན་རུ་ཁག་གིས་ཁྲོམ་རའི་རྒྱུན་སྤྱོད་ཚད་གཞིར་གཞིགས་ནས་གྲོང་ཚོའི་མཉམ་སྡེབ་ལ་མཛུབ་སྟོན་བྱས་ཏེ་ཞོག་ཁོག་ལ་སྟབས་བདེའི་རིམ་དབྱེ་དང་ཐུམ་སྒྲིལ་ཇུས་འགོད་བྱས་པས། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་ཁྲོམ་རའི་དགའ་བསུ་ཐོབ་ཚད་ནུས་ལྡན་ངང་ཆེ་རུ་སོང་ཞིང་། མངགས་ཐོའི་རྣམ་པར་བརྟེན་ནས་ཞོག་ཁོག་རྒྱ་མ་8000ལྷག་བཙོངས་པར་རིམ་རྩིས་བརྒྱབ་ན་གྲོང་ཚོའི་མཉམ་སྡེབ་ལ་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་རག་ཡོད།
འབྲེལ་ཡོད་གསར་འགྱུར།