《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་དབྱིན་ཡིག་དཔར་མའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་གཡོད་ཧན་ནེ་སི་པའོ་རུ་འཚོགས་པ།
ཚེས་3ཉིན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་དབྱིན་ཡིག་དཔར་མའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་རུ་འཚོགས་པ་རེད།
ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚོགས་ཞུགས་སྐུ་མགྲོན་གྱིས། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་གཅིག་སྡུད་ཐོག་མངོན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་དང་། ལག་ལེན་གྱི་ཐབས་ལམ། འོད་སྟོང་འཕྲོ་བའི་གྲུབ་འབྲས་བཅས་བརྒྱུད་རིམ་ལྡན་པའི་ངང་མངོན་ཡོད་པས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཐུན་མོང་ཐོག་དེང་རབས་ཅན་དུ་སྐྱོད་པར་དཔྱད་གཞིར་འཛིན་ཆོག་པའི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་ནི་འབོ་གསེར་རྒྱལ་ཁབ་ཀྱི་ཁོངས་མི་གལ་ཆེན་ཞིག་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ཞིང་། ཕྱོགས་གཉིས་པོས་དེང་རབས་ཅན་ལ་མཉམ་དུ་སྐུལ་འདེད་གཏོང་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ་དོན་འཁྱོལ་དང་། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ཐུན་མོང་ཐོག་ལག་ལེན་བསྟར་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་འཕེལ་རྒྱས་དང་དར་རྒྱས་ལ་ཁྲིད་སྟོན་དང་ཀྲུང་ཧྥེའི་དེང་རབས་ཅན་གྱི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་ཐུབ་ངེས་རེད་ཅེས་བརྗོད།
ལྷོ་ཨ་ཧྥེ་རི་ཁའི་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན་གྱི་སྤྱི་ཁྱབ་ཧྲུའུ་ཅི་གཞོན་པ་གཉིས་པ་དང་ཙུང་ཐུང་ལས་ཤག་གི་འཆར་འགོད་དང་། ལྟ་སྐུལ། དཔྱད་དཔོག་བཅས་པུའི་པུའུ་ཀྲང་མཱ་ལོ་ཕེ་ཉི·ལ་མོ་ཧའོ་ཕ་ཡིས་ཤིས་ཚིག་སྒྲོན་སྐབས་བརྗོད་དོན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་། དབུལ་སྒྲོལ་དང་དབུལ་པོ་ཉུང་གཏོང་། ཚན་རྩལ་གསར་གཏོད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་ལས་སོགས་སྐོར་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་བྱས་ཏེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད། ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཚད་མཐོའི་གཅིག་གྱུར་ཡིན་ཞིང་། ལྷོ་ཨ་ཧྥེ་རི་ཁས《2030ལོའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཆར་འགོད》དང“རྒྱུད་གཅིག་ལམ་གཅིག” གི་གྲོས་འགོ་འབྲེལ་མཐུད་བྱེད་པར་མུ་མཐུད་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་ལས་དོན་ཁྲོད་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་ཐུན་མོང་ཐོག་ཆེ་རུ་བཏང་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་གི་ཡིན།
ལྷོ་ཨ་ཧྥེ་རི་ཁའི་རྒྱལ་དམངས་གྲོས་ཚོགས་ལས་དོན་གྱི་ཀྲུའུ་ཞི་སའེ་ཏེ་ལི་ཁེ·ཧྥི་ལོ་ལི་ཁེས་བརྗོད་དོན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པར། ཀྲུང་གོའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་ཕྱོགས་ཡོངས་ནས་མངོན་ནས། ལྷོ་ཨ་ཧྥེ་རི་ཁས་ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་ཕྱི་འབྲེལ་སྲིད་ཇུས་གསར་ཤོས་ཤེས་རྟོགས་བྱེད་པར་སྐར་ཁུང་ཞིག་ཕྱེ་ཡོད། དེབ་འདིའི་ནང་འཁོད་པའི་མི་དམངས་གོང་དུ་བཀུར་བ་དང་། ལྗང་མདོག་འཕེལ་རྒྱས། ཐུན་མོང་འབྱོར་ཕྱུག མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་སོགས་སྐོར་གྱི་དགོངས་པ་གལ་ཆེན་རབ་དང་རིམ་པས་རྒྱལ་ཁབ་ཁག་གིས་དེང་རབས་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བར་བློ་སྒོ་ཆེན་པོ་ཕྱེ་ཡོད།
བྱེད་སྒོའི་རིང་། ཀྲུང་གོ་ཕྱོགས་ཀྱིས་ཕྱི་རྒྱལ་ཕྱོགས་ཀྱི་སྐུ་མགྲོན་ཚོར《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་དབྱིན་ཡིག་དཔར་མ་ཕྱག་རྟགས་སུ་ཕུལ་བ་མ་ཟད། ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས་དེང་རབས་ཅན་གྱི་འཕེལ་རྒྱས་ཉམས་མྱོང་མཉམ་སྤྱོད་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་། འབོ་གསེར་རྒྱལ་ཁབ་ཆེན་པོའི་མཉམ་ལས། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན། དེ་བཞིན་དུས་རབས་གསར་པའི་ཀྲུང་ཧྥེའི་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་སོགས་ཀྱི་གྲོས་གཞིར་དམིགས་ནས་སྤེལ་རེས་དང་གྲོས་བསྡུར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།