སྐབས་ཉི་ཤུ་པའི་ཀྲུང་དབྱང་གིས་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ལ་སྐོར་གཟིགས་བྱས་འབྲས་ཚུར་ལན་སྤྲད་པ།
ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར་སྐབས་ཉི་ཤུ་པའི་ཀྲུང་དབྱང་གིས་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ལ་སྐོར་གཟིགས་བྱས་འབྲས་ཚུར་ལན་སྤྲོད་པའི་ལས་དོན་ལེགས་གྲུབ་ཟིན་ཞིང་། ད་ཐེངས་སྐོར་གཟིགས་བྱས་འབྲས་ཚུར་ལན་སྤྲོད་པར་གཅིག་སྡུད་ཚུར་ལན་སྤྲོད་པ་དང་སྐོར་གཟིཌ་ཚོགས་ཆུང་གིས“གཅིག་གཏད་གཅིག”གི་ཚུར་ལན་སྤྲོད་པ་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་ཡོད།
གཅིག་སྡུད་ཚུར་ལན་སྤྲོད་པའི་ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གི་གནས་ཚུལ་གྱི་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་ཐུན་མོང་རང་བཞིན་གྱི་གནད་དོན་བརྡ་ཁྱབ་བཏང་བ་མ་ཟད། སྐོར་གཟིགས་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པའི་ཐད་བཀོད་སྒྲིག་ཀྱང་བྱས་པ་རེད། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་ཀྲུང་དབྱང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལིའུ་ཅིན་གོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་ཁག་16གིས་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། དེ་བཞིན་ཀྲུང་དབྱང་གིས་རིམ་སྤོར་སྐོར་གཟིགས་བྱེད་པའི་ཁུན་མིང་གྲོང་ཁྱེར་ལ“གཅིག་གཏད་གཅིག”གིས་སྐོར་གཟིགས་བྱས་ཚུལ་ཚུར་ལན་སྤྲད་པ་མ་ཟད། འབྲེལ་ཡོད་ཞིང་ཨུད་ཀྱི་སྐོར་གཟིགས་ཚོགས་ཆུང་དང་མཉམ་དུ་མཉམ་སྒུལ་སྐོར་གཟིགས་བྱས་པའི་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་15ལ་སྐོར་གཟིགས་བྱས་འབྲས་ཚུར་ལན་ཡང་སྤྲད་པ་རེད།
ཚུར་ལན་ནང་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་། གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ། དག་ཐེར་ལ་དམ་འཛིན་ལྷོད་མེད་བྱེད་པ། དག་ཐེར་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཆབ་སྲིད་ཁོར་ཡུག་གཙང་དུ་གཏོང་བ། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ཏེ་དག་ཐེར་གྱི་ཕན་འབྲས་དངོས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཏང་ཨུད་ཀྱིས་དག་ཐེར་བྱེད་པོའི་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་པ་དང་། དག་ཐེར་ཇུས་གཞི་ཞིབ་འཇུག་ནན་ཏན་བྱས་ནས་བཟོ་བ། གནད་དོན་གྱི་གསལ་ཐོ་དང་། ལས་འགན་གྱི་གསལ་ཐོ། འགན་འཁྲིའི་གསལ་ཐོ་བཅས་བཟོས་ནས་རེ་རེ་བཞིན་དམ་འཛིན་ཡག་པོ་བྱེད་དགོས། ཏང་ཨུད་ཀྱི་ཧྲུའུ་ཅི་ནི་འགན་འཁུར་བ་ཨང་དང་པོ་ཡིན་པས། རང་ཉིད་ངོ་མས་དམ་འཛིན་དང་སྣེ་ཁྲིད་ནས་དག་ཐེར་བྱེད་དགོས་པ་དང་ཚན་ཁག་གི་ཁོངས་མིས་རང་འགན་གཙང་སྒྲུབ་བྱས་ཏེ་ཁག་བགོས་དོ་དམ་ཁྱབ་ཁོངས་ཀྱི་དག་ཐེར་ལས་འགན་ལ་དམ་འཛིན་ཡག་པོ་བྱེད་དགོས། དངོས་འཛིན་བཙན་འཐབ་ཀྱི་སྒོ་ནས་དག་ཐེར་ལ་དམ་འཛིན་བྱས་ཏེ་བསམ་བློའི་ངོས་འཛིན་གྱི་གནད་དོན་ཐག་གཅོད་དང་དོན་དངོས་གནད་དོན་ཐག་གཅོད་བྱ་རྒྱུ་ཟུང་འབྲེལ་དང་། སྐོར་གཟིགས་དག་ཐེར་དང“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ལས་དོན་འཆར་འགོད་ཟུང་འབྲེལ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་། ཏང་གིས་ཏང་ལ་དོ་དམ། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་སོགས་ཐད་གནས་པའི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཡོ་བསྲང་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཚན་གྱིས་དག་ཐེར་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། དག་ཐེར་ཐད་ཁྲལ་སེལ་སླ་བཅོས་དང་མི་བདེན་རྫུན་སྒྲིག་བྱེད་མཁན་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། སྐོར་གཟིགས་ལས་ཁུངས་ཀྱིས་སྤྱི་འདོམས་མཐུན་སྦྱོར་ལ་དམ་འཛིན་ཡག་པོ་བྱེད་པ་དང་རྗེས་སྙེགས་སྐུལ་འདེད་ལ་ཤུགས་སྣོན་རྒྱག་དགོས། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་སྐོར་གཟིགས་ཀྱི་གྲུབ་འབྲས་ཡག་པོ་སྤྱོད་པ་དང་། སྲིད་ཇུས་ཀྱི་མཁོ་སྤྲོད་ལེགས་སུ་བཏང་ནས་ལས་རིགས་རང་བཞིན་དང་ཁྱབ་ཁོངས་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་དང་ཀྲུང་དབྱང་གི་རིམ་སྤོར་སྐོར་གཟིགས་གྲོང་ཁྱེར་གྱི་དག་ཐེར་ལས་དོན་ཐད་འབྲེལ་ཡོད་ཞིང་ཨུད་ཀྱིས་འགོ་ཁྲིད་དང་མཛུབ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་དོན་འཁྱོལ་གནད་སྨིན་ཡོང་བའི་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།