དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་རིམ་པའི་ཞིང་ལས་གནམ་གཤིས་ཞབས་ཞུའི“ཞིང་ལས་གནོད་འཚེ་ཉེན་གཏོང”གི་བྱ་རིམ་ཆུང་གྲས་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-06

    གསར་འགོད་པས་ཀྲུང་གོ་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱས་པར། ཉེ་ཆར། རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་བྱེད་མཁན་ལ་ཕྱོགས་པའི་རྒྱལ་ཁབ་རིམ་པའི་ཞིང་ལས་གནམ་གཤིས་ཞབས་ཞུའི་སྐད་འཕྲིན་གྱི“ཞིང་ལས་གནོད་འཚེ་ཉེན་གཏོང”གི་བྱ་རིམ་ཆུང་གྲས་ཐོག་མ་དྲ་ཐོག་ཏུ་དངོས་སུ་སྤྱོད་འགོ་ཚུགས་པ་རེད།

    “ཞིང་ལས་གནོད་འཚེ་ཉེན་གཏོང”གི་བྱ་རིམ་ཆུང་གྲས་དེ་ཀྲུང་གོ་གནམ་གཤིས་ཅུས་རྒྱལ་ཁབ་རིམ་པའི་ཞིང་ལས་གནམ་གཤིས་ལས་སྒོའི་མ་ལག་དང་དབང་གྲགས་ལྡན་པའི་གྲངས་གཞིའི་ཐོན་ཁུངས་ལ་བརྟེན་ནས“གནོད་འཚེ་མ་བྱུང་གོང་གི་སྔོན་བརྡ”ནས“གནོད་འཚེ་བྱུང་རྗེས་ཀྱི་ཁ་གཏད་གཅོག་ཐབས”བར་གྱི་རྒྱུན་འཁོར་ཧྲིལ་པོའི་གཅིག་འཐུས་རྣམ་པའི་ཞབས་ཞུ་སྒྲུབ་ཀྱི་ཡོད། དེ་དང་ཆབས་ཅིག ཞིང་དུད་ཀྱིས་ཞིང་ལས་དང་གནོད་འཚེའི་གནས་ཚུལ་སྙན་སེང་ཞུ་བ་དང་། གནོད་འཚེའི་ཉེན་བརྡ་གནད་སྨིན་ངང་ཞིང་དུད་ལ་བརྡ་ཁྱབ་གཏོང་བ། རིགས་གཅིག་མཁས་ཅན་ལ་བློ་འདྲི་བཅས་ལ་བྱ་རིམ་ཆུང་གྲས་ཀྱིས་རྒྱབ་སྐྱོར་བྱས་ཏེ“ཞིང་དུད་དང་རིགས་གཅིག་མཁས་ཅན་དབར”ཕྱོགས་གཉིས་མཉམ་འགུལ་མངོན་འགྱུར་ཡོང་བར་བྱས་ནས། གྲངས་གཞིའི་གདུབ་ཟུམ་དང“དགོས་མཁོའི་ཁྲིད་སྟོན”གྱི་ཚན་ཞིབ་གདུམ་ཟུམ་བསྒྲུབས་ཏེ་དཔེ་དབྱིབས་ལེགས་སྒྱུར་དང་ལག་རྩལ་རིམ་འཇུག་ལ་སྐུལ་འདེད་ཐུབ་ཀྱི་ཡོད། གནོད་འཚེ་ལྟ་ཞིབ་ཚད་ལེན་དང་། སྔོན་བརྡ། ཉེན་ཁ་ཚོད་སྐོར། ཉེན་ཟོན་སྔོན་བརྡ། ཞིང་ལས་ཞབས་ཞུ། ཚན་རིག་ཁྱབ་གདལ་སློབ་གསོ་སོགས་ནུས་པ་མང་པོ་མཉམ་འདྲེས་བྱས་ནས་ཞིང་ལས་གནམ་གཤིས་ཆ་འཕྲིན་ཞབས་ཞུའི“མཐའ་མའི་འགག་གནད”ཤར་གཏོང་བྱས་ཏེ་ཞིང་དུད་ལ་ཚན་རིག་དང་མཐུན་པའི་སྒོ་ནས་གནོད་འཚེ་སྔོན་འགོག་དང་། གྱོང་གུན་ཉུང་གཏོང་། འབབ་འཕར་ཡོང་བ་བཅས་བྱས་ནས་འབྲུ་རིགས་བདེ་འཇགས་ཡོང་བར་གཡས་གཞོགས་གཡོན་འདེགས་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།