དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ལས་རིགས་སློབ་གསོའི་སྤུས་ལེགས་གསོ་སྦྱོང་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-06

    འདི་ནི་ཨན་ཧུའེ་ཧྥུའུ་དབྱང་ལག་ཤེས་སློབ་གླིང་གི་སློབ་མས་དགེ་རྒན་གྱི་མཛུབ་ཁྲིད་འོག་ལག་རྩལ་སྦྱོང་བཞིན་པ།

    ཀྲེ་ཅང་ཞིང་ཆེན་གྱི་ཧྥུའུ་ཁྲུན་གཙང་པོའི་འགྲམ་དུ་གཞོན་ནུ་མང་པོ་ཞིག་གིས་ལས་ལ་འབད་བཞིན་ཡོད། ཧང་ཀྲོའུ་ལག་ཤེས་སློབ་གླིང་དུ་སློབ་མ་6000གིས་མི་མེད་གནམ་གྲུ་བཀོལ་སྤྱོད་དང་། གློག་སྒུལ་རླངས་འཁོར་ཉམས་བཟོ། བཟོ་ལས་འཕྲུལ་མིའི་བདག་སྐྱོང་སོགས་སློབ་སྦྱོང་བྱེད་བཞིན་ཡོད། ཧང་ཀྲོའུ་ལག་ཤེས་སློབ་གླིང་གིས་ལོ་ལྟར་ཀྲུང་གོའི་ཁེ་ལས་བརྒྱ་ལྷག་ཙམ་གདན་དྲངས་ནས་ལག་རྩལ་ཤེས་ལྡན་པ་མི་འདྲ་བའི་དགོས་མཁོར་སྔོན་དཔག་བྱེད་ཀྱི་ཡོད་ལ། ཁེ་ལས་ཀྱི་ཚུར་ལན་ལ་བལྟོས་ནས་སློབ་གླིང་གིས་སློབ་ཚན་བཀོད་སྒྲིག་བྱེད་ཀྱི་ཡོད།

    གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོས་དེ་བས་མང་བ་དང་དེ་བས་སྤུས་ལེགས་ཀྱི་ལག་ལེན་རྩལ་ནུས་གསོ་སྦྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད་ཅིང་། མིག་སྔར། གཞོན་ནུ་ཁྲི་3400ལྷག་ཙམ་གྱིས་ཀྲུང་གོའི་ལས་རིགས་སློབ་གསོའི་ཁོངས་གཏོགས་སུ་སློབ་སྦྱོང་བྱེད་བཞིན་ཡོད།

    2022ལོར་ཀྲུང་གོ་སྲིད་གཞུང་གིས་ལས་རིགས་སློབ་གསོའི་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་ནས་ལས་རིགས་སློབ་གསོ་དང་སློབ་གསོ་དཀྱུས་མ་གཉིས་ཀ་གལ་ཆེན་པོ་ཡིན་པ་བསྟན་ཡོད། 2024ལོའི་ཟླ་12པར་ཀྲུང་གོའི་སློབ་གསོ་པུའུ་ཡིས་ལས་རིགས་སློབ་ཚན་གསར་པ་40བཀོད་སྒྲིག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་། དེ་དག་མང་ཆེ་བ་མི་ཐབས་རིག་ནུས་དང་སྐྱེ་དངོས་སྨན་རྫས་སོགས་དར་ཁྱབ་ཆེ་བའི་ལས་རིགས་དང་འབྲེལ་བ་ཡོད། ད་ལོའི་ཟླ་6པར་ཀྲུང་གོ་སྲིད་གཞུང་གིས་འཆར་གཞི་ཞིག་བཟོ་འགོ་ཚུགས་པ་སྟེ། 2027ལོར་སླེབས་སྐབས་ལས་རིགས་རྩལ་ནུས་མཐོར་འདེགས་གསོ་སྦྱོང་མི་ཐེངས་ཁྲི་3000ལྷག་ཙམ་བྱས་ཏེ། མཚོ་གཏིང་ཚན་རྩལ་དང་དམའ་དབྱིངས་དཔལ་འབྱོར་སོགས“ཐོན་ལས་འཕེལ་རྒྱས་འཕྲལ་མཁོའི”ཁྱབ་ཁོངས་ལ་གཙོ་གནད་དོ་ཁུར་བྱེད་རྒྱུ་ཡིན་པ་རེད།

    —— དབྱིན་ཇིའི《དཔལ་འབྱོར་རིག་པ》གཟའ་འཁོར་དུས་དེབ་དྲ་ཚུགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།