དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱི་CPIཟླ་བ་བཅུ་བསྟུད་མར་3%ནང་ཚུན་དུ་ཚོད་འཛིན་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-06

    ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་བོད་ལྗོངས་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་སོགས་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར། བོད་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས(CPI)ན་ནིང་གི་དུས་མཚུངས་དང་འདྲ་མཚུངས་ཡིན་པ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་0.1གིས་མཐོ་བ་ཡོད་པ། ཟླ་བ་བཅུ་བསྟུད་མར་3%ནང་ཚུན་དུ་ཚོད་འཛིན་ཐུབ་སྟེ་སྤྱིའི་ཆ་ནས“འཕར་ཆག་ཕྲན་བུ་དང་སྤྱི་ཡོངས་བརྟན་པོའི”འཁོར་སྐྱོད་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།

    གྲངས་གཞི་ལས་མངོན་པར། ཚོང་ཟོག་དང་ཞབས་ཞུའི་རིགས་ཆེན་པོ་བརྒྱད་ཀྱི་ཁྲོད་འགྲིམ་འགྲུལ་འཕྲིན་གཏོང་རིན་གོང་ཆག་ཚད་ཆེ་ཤོས་ཡིན་པ་དེ་དུས་མཚུངས་ལས་2.4%ཆག་པ་དང་། གསེར་གོང་འཕར་བའི་ཤུགས་རྐྱེན་ལས་མཁོ་ཆས་གཞན་དག་དང་། དེ་བཞིན་ཞབས་ཞུའི་རིན་གོང་འཕར་ཚད་མཐོ་ཤོས་ཏེ་10.2%ཟིན་པ། བཟའ་བཅའ། ཐ་མག ཨ་རག་བཅས་ཀྱི་རིན་གོང་0.1%ཙམ་ལས་འཕར་མེད་པ་དེས་སྤྱི་ཡོངས་དེ་བས་བརྟན་པོ་ཡོང་བར་བྱས་ཡོད། ཟླ་བ་ཁག་གི་དུས་མཚུངས་ལ་བལྟས་ན། ལྗོངས་ཡོངས་ཀྱི་CPIཟླ་བ་བཞི་ཅུང་འཕར་བ་དང་། ཟླ་བ་བཞི་ཅུང་ཆག་པ། ཟླ་བ་གཉིས་མཚུངས་པ་བཅས་ཡིན་ལ། ཟླ་བ་རྐྱང་པའི་འཕར་ཆག་ཆེ་ཤོས་བརྒྱ་ཆའི་གྲངས་0.2ལས་ཟིན་མེད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་བོད་ཀྱིས་དམངས་འཚོའི་ཚོང་ཟོག་གལ་ཆེན་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་བྱ་རྒྱུ་དེ“གཙོ་འགན་འཁུར་མཁན”གྱི་ལས་གྲྭའི་གྲས་སུ་བཞག་ནས། སྔ་རྗེས་སུ“དུས་ཆེན་ཆེན་པོ་གསུམ”དང་། ཟླ་མཆོད་དུས་ཆེན། རྒྱལ་སྟོན་སོགས་ཀྱི་དུས་ཚིགས་ལ་དམིགས་ནས་ཆེད་དོན་བརྡ་ཐོ་མང་པོ་བཏང་བ་དང་། སྡེ་ཚན་མང་པོས་ཆུ་ཚོད་24ཡི་རིང་རིན་གོང་ལྟ་ཞིབ་ཚད་ལེན་དང་འཕྲལ་སྡོམ་བཀོད་གཏོང་གི་ལམ་སྲོལ་བཙུགས་ཡོད། ཟླ་བ་དང་པོ་ནས་བཅུ་པའི་བར། རིམ་རྩིས་བརྒྱབ་ན་རིན་གོང་ལྟ་ཞིབ་ཚད་ལེན་གྱི་གནས་ཚུལ་གནད་ཞུ་ཐེངས་192དང་དུས་ཆེན་གྱི་ཆེད་དོན་སྙན་ཞུ་ཐེངས་20ཡོངས་བསྒྲགས་བྱས་པ་དང་། འབྲུ་རིགས་དང་། སྣུམ། ཤ་ཚལ་སྒོང་གསུམ་སོགས་རིགས་ཆེན་པོ་12དང་སྣ་ཁ་63ལ་ཉིན་རེའི་ལྟ་ཞིབ་ཚད་ལེན་དང་གཟའ་འཁོར་རེའི་སྙན་ཞུ་ལག་ལེན་བསྟར་ཡོད། དུས་ཆེན་རིང་བོད་ལྗོངས་ཡོངས་ཀྱིས་ཁྱོན་མི་ཐེངས་860སྒྲིག་འཛུགས་བྱས་ནས་ཁྲོམ་རའི་སྐོར་ཞིབ་བྱས་ཏེ། རིན་གོང་ཐད་ཀྱི་ཁྲིམས་འགལ་གྱོད་གཞི་13ཞིབ་བཤེར་ཐག་གཅོད་བྱས་པས“གྲངས་འབོར་འདང་ངེས་དང་། རིན་གོང་བརྟན་པོ། སྒྲིག་ལམ་ཡག་པོ”བཅས་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།