བཅའ་ཁྲིམས་ཁྱབ་གདལ་གྱི་གྲུབ་འབྲས་འགྲེམས་སྟོན་བྱས་ནས་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་གཏོང་བ།
—— ལྗོངས་ཡོངས་ཀྱི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་དང“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་གྱི་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོའི་སྐོར་བཀོད་པ།
ད་ལོའི་ཟླ་12ཚེས་4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་བཅུ་གཉིས་པ་དེ་ཡིན་ལ། “རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”བརྒྱད་པ་དང་ཡང་ཏག་ཏག་འཁེལ་ཡོད། ལྷ་སར་ལྗོངས་ཡོངས་ཀྱི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་དང“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་གྱི་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོ་སྤྲོ་སེམས་འཁོལ་བའི་ངང་སྤེལ་བ་རེད།
“‘བརྒྱད་ལྔའི’བཅའ་ཁྲིམས་ཁྱབ་གདལ་བཏང་བ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས‘ཐིགས་ཆུ་གཏོང་སྟངས’རྣམ་པའི་བཅའ་ཁྲིམས་ཁྱབ་གདལ་ལག་བསྟར་བྱས་ཏེ། ལྗོངས་ཡོངས་སུ་རྒྱལ་ཁབ་ཀྱི་ལས་དོན་པས་ཁྲིམས་སྦྱོང་བ་དང་ཁྲིམས་སྤྱོད་པའི་བྱེད་ཐབས་ཐོག་མར་བཏོན་པ་དང་། གཞོན་ནུ་ལོ་ཆུང་ལ་བཅའ་ཁྲིམས་ཁྱབ་གདལ་གཏོང་སྐབས‘དགེ་སློབ་གཉིས་ཀས་མཐོང་ཆེན་བྱེད་པའི’རྩ་དོན་ཐོག་མར་བཏོན་པ། ཞིང་འབྲོག་པས་གོ་ཐུབ་པའི་བཅའ་ཁྲིམས་ཁྱབ་གདལ་གཏོང་སྟངས་ཐོག་མར་བཏོན་ནས། བཅའ་ཁྲིམས་ཁྱབ་གདལ་གྱི་ལས་དོན་སྔར་བས་གནད་ལ་འཁེལ་ཞིང་ཕན་འབྲས་ཐོན་པར་བྱས་ཡོད”ཅེས་ཉིང་ཁྲིའི་བཅའ་ཁྲིམས་ཁྱབ་གདལ་གྱི་འགྲེམས་སྟེགས་མདུན་དུ་ཉིང་ཁྲི་གྲོང་ཁྱེར་ཁྲིམས་འཛིན་ཅུས་བཅའ་ཁྲིམས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ཁོའོ་ཡི་ཁོའོ་ཀྲང་ལི་ཧྲན་ཧྲན་གྱིས་གསར་འགོད་པར་ངོ་སྤྲོད་བྱས།
གཞི་རིམ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་ནས་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་ཡོང་བའི་བར་དང་། སློབ་གྲྭར་བཅའ་ཁྲིམས་ཁྱབ་གདལ་གཏོང་བ་ནས་ལས་རྣམ་གསར་པར་ཁྱབ་པའི་བར། “བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་བཏང་བ་ནས་བཟུང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་པས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་རྒྱ་ཆེ་ཚད་དང་། གཏིང་ཟབ་ཚད། ཞིབ་ཚགས་ཚད་བཅས་མཐོ་རུ་རྒྱུན་ཆད་མེད་པར་ཕྱིན་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་བྱས་ཡོད།
ལྷ་སའི་གནས་མཆོག་ལྷ་ཡུལ་ཀྲོའུ་ཅི་ཨར་ཁང་ཆེན་པོའི་བོད་ལྗོངས་ཁང་དུ་སྐྱོད་དུས། “བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་གྱི་གྲུབ་འབྲས་དྲིལ་བསྒྲགས་པར་གཞི་སྟོན་པ་དང་ཆབས་ཅིག“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་གྱི་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་ཡོད།
རང་སྐྱོང་ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས“ད་ཐེངས་ང་ཚོས‘བརྒྱད་ལྔའི’བཅའ་ཁྲིམས་ཁྱབ་གདལ་གྱི་གྲུབ་འབྲས་གཅིག་སྡུད་ཐོག་སྟོན་དོན་ནི་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་པ་ཞིག་ཡིན། ང་ཚོས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནས་བརྩམས་ཆོས་བསྡུ་རུབ་བྱས་ཏེ་ལྗོངས་ཡོངས་ཀྱི་ཁྲིམས་སྐྱོང་གི་ཕུལ་བྱུང་གྱོད་དཔེ་དང་འགུལ་རིས་བརྙན་ཐུང་སོགས་བདམས་ནས་འགྲེམས་སྟོན་བྱས་པ་ཡིན། ཚང་མས་དེར་བརྟེན་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་སྤུས་ལེགས་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱ་རྒྱུའི་རེ་བ་ཡོད”ཅེས་བརྗོད།
“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་གྱི་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོ་གྲུབ་འབྲས་ཐོབ་པའི་སྒོ་ནས་གཉེར་བ་དེས་འདས་ཟིན་པའི་ལོ་ལྔའི་རིང་གི་རང་ལྗོངས་ཀྱི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་ཕུན་སུམ་ཚོགས་པོས་ལེགས་གྲུབ་བྱུང་བ་མ་ཟད། དེ་བས་བོད་ཀྱི“དགུ་ལྔའི”བཅའ་ཁྲིམས་ཁྱབ་གདལ་ལས་དོན་དངོས་སུ་འགོ་ཚུགས་པ་མཚོན་ཡོད། འགོ་འཛུགས་ས་གསར་པའི་ཐོག་རང་ལྗོངས་ཀྱིས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་མུ་མཐུད་ཟབ་ཏུ་གཏོང་བ་དང་བཅའ་ཁྲིམས་ཁྱབ་གདལ་གྱི་རྣམ་པ་རྒྱུན་ཆད་མེད་པར་གསར་གཏོད་དང་བཅའ་ཁྲིམས་ཁྱབ་གདལ་གྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ། ས་མཐོའི་ས་གཞི་ཆེན་པོར་ཁྲིམས་སྐྱོང་འདུ་ཤེས་རྩ་བ་ཚུགས་པར་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དེ་བས་ནུས་ལྡན་གྱི་ཁྲིམས་སྐྱོང་འགན་སྲུང་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།