དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རྩ་ཁྲིམས་ཀྱི་དགོངས་དོན་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2025-12-06

    དེང་གི་ཆར། “ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ནས་རྩ་ཁྲིམས་མི་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2025ལོའི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”བྱེད་སྒོ་ལྗོངས་ཡོངས་ཀྱི་གོང་འོག་ཀུན་ཏུ་གཏིང་ཟབ་སྤེལ་བཞིན་ཡོད། རྩ་ཁྲིམས་ལ་གོང་བཀུར་དང་། རྩ་ཁྲིམས་སྦྱོང་བ། རྩ་ཁྲིམས་ལ་བརྩི་སྲུང་། རྩ་ཁྲིམས་སྲུང་སྐྱོང་། རྩ་ཁྲིམས་སྤྱོད་པ་བཅས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་བརྟེན་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་གཏོང་བ་དང་། རྩ་ཁྲིམས་དབང་གྲགས་གཏོད་པའི་ཐུན་མོང་ངོས་འཛིན་ནུས་ལྡན་ངང་གཅིག་སྒྲིལ་བྱས་ཏེ་སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་ལ་ལྷག་བསམ་རྣམ་དག་ངང་གོང་བཀུར་དང་། རང་རྟོགས་ངང་བརྩི་སྲུང་ཞུ་བ། བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་བཏང་ཡོད།

    རྒྱལ་ཁབ་སྐྱོང་བར་ཚད་གཞི་ཁ་གསལ་ལ་བརྟེན་དགོས་པ་དང་རྒྱལ་ཁབ་བདེ་འཁོད་ཡོང་བར་ཚད་གཞི་ཡང་དག་ལ་བརྟེན་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་རབ་དང་རིམ་པ་འདོན་པ་དང་། དམངས་འཚོའི་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་འགན་སྲུང་དོན་འཁྱོལ་ནན་པོ་བྱེད་པ། ཐོ་འགོད་ཞིབ་བཤེར་ལམ་ལུགས་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་བརྟན་པོའི་ངང་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། ལྷག་པར་དུ་རྩ་ཁྲིམས་ལྟེ་བར་འཛིན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་གི་དྲིལ་བསྒྲགས་སློབ་གསོར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཁྲིམས་སྐྱོང་འདུ་ཤེས་བརྟན་པོ་འཛུགས་པ་དང་ཁྲིམས་སྐྱོང་དད་སེམས་བརྟན་དུ་གཏོང་བར་སློབ་གསོ་ཁྲིད་སྟོན་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་རང་རྟོགས་ངང་སྲུང་སྐྱོང་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པ་དང་ནུས་ལྡན་གྱི་ཁྲིམས་སྐྱོང་འགན་སྲུང་མཁོ་འདོན་བྱས་ཡོད།

    རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ་ནི་ཏང་དང་མི་དམངས་ཀྱི་ཐུན་མོང་གི་འདོད་བློའི་དབང་གྲགས་སྲུང་སྐྱོང་བྱེད་པ་ཞིག་རེད། རྩ་ཁྲིམས་ཀྱི་ལ་རྒྱ་སྲུང་བ་ནི་ཏང་དང་མི་དམངས་ཀྱི་ཐུན་མོང་གི་འདོད་བློའི་ལ་རྒྱ་སྲུང་བ་ཞིག་རེད། རྩ་ཁྲིམས་ལག་བསྟར་འགན་ལེན་བྱེད་པ་ནི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡོང་བ་འགན་ལེན་བྱེད་པ་ཞིག་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོའི་ནང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་པར་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་གསར་པ་བྱས་པ་དང་བླང་བྱ་གསར་པ་བཏོན་ཞིང་། དེའི་ནང“རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་གྱི་ལམ་ལུགས་དང་ལམ་སྲོལ་སྲུང་སྐྱོང་དང་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་བཏོན་ཡོད། སླད་ཕྱིན་གྱི་ལོ་ལྔ་ནི་བོད་དང་རྒྱལ་ཡོངས་མཉམ་དུ་གཞི་རྩའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་འགག་རྩའི་དུས་སྐབས་ཡིན་པས། འགོ་འཛུགས་ས་གསར་པར་གཞི་ཚུགས་ནས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པར་ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་བརྟེན་ནས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་གཅིག་འདོམས་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུའི་ཐོག་སྐྱོད་པ། རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཁྲིམས་སྐྱོང་གི་རྩ་བ་བརྟན་འཛུགས་དང་། སྔོན་དཔག་བརྟན་གཏོང་། ཕུགས་ལ་ཕན་པ་བཅས་ཀྱི་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ཏེ་ཁྲིམས་སྐྱོང་ཅན་དང་ལམ་ལུགས་ཅན་གྱི་སྲོལ་ལམ་ཐོག་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་བརྟན་ཁྲོད་རྒྱང་འཁྱོལ་ཡོང་བར་བྱེད་དགོས།

    རྩ་ཁྲིམས་ཀྱི་རྨང་གཞི་ནི་མི་དམངས་ཀྱིས་སེམས་གཏིང་ནས་བརྩི་བཀུར་བྱེད་པར་ཐུག་ཡོད་པ་དང་རྩ་ཁྲིམས་ཀྱི་སྟོབས་ཤུགས་ཆེན་པོ་ཡང་མི་དམངས་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་དད་མོས་ལ་ཐུག་ཡོད། ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་དཔེ་སྟོན་གྲོང་ཚོ་འཛུགས་གཏོད་དང་། “བཅའ་ཁྲིམས་ཤེས་མཁན”གསོ་སྐྱོང་། བཅའ་ཁྲིམས་སློབ་སྦྱོང་དང་བཀོལ་སྤྱོད་ཀྱི་དཔེ་སྟོན་དུད་ཚང་གསོ་སྐྱོང་བཅས་ཀྱི“འདུ་འགོད་ཆེན་པོ་གསུམ”ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། རྩ་ཁྲིམས་དེ་ལས་རིགས་ཁག་ལ་དངོས་གནས་ཁ་ཕྱོགས་པ་དང་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བར་ཁྱབ་པ་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་2018ལོ་ནས་བཟུང་ལོ་ལྟར་བརྗོད་གཞི་གཅིག་གཏན་འཁེལ་བྱས་ཏེ་ཁྲིམས་སྐྱོང་འཆད་ཁྲིད་དང་། ཁྲིམས་ར་འདྲ་བཟོ། ཁྲིམས་སྐྱོང་ཤེས་བྱའི་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྣ་ཚོགས་ལ་བརྟེན་ནས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་ལག་ལེན་ལ་གསོན་ཉམས་དོད་པའི་རྣམ་པ་ཞིག་བཏོད་ཡོད། ཆབ་མདོ་གྲོང་ཁྱེར་གྱི་རྫོང་དང་ཆུས་འགའ་ཤས་ཀྱིས་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་རྩ་ཁྲིམས་ཀྱིས་དཀྲིས་པའི་དམངས་གཙོའི་ཁེ་དབང་ལ་ཞིབ་ཕྲའི་རྟེན་ས་ཡོད་པར་བྱས་ཏེ། “རྩ་ཁྲིམས་ནི་མི་དམངས་ཀྱི་དབང་ཆའི་འགན་ལེན་ཡིན་པར”གསོན་ཉམས་དོད་པོས་འགྲེལ་བཤད་བརྒྱབ་ཡོད། ལག་ལེན་ལས་ར་སྤྲོད་བྱས་པར། རྩ་ཁྲིམས་ཀྱི་དགོངས་དོན་བསམ་བློའི་ནང་དངོས་འབྲེལ་གཏིང་ཟབ་ཟུག་པར་སྐུལ་འདེད་གཏོང་བ་ནི་ཁྱབ་གདལ་གཏོང་བ་ནས་དང་ལེན་བྱེད་པའི་བར་གྱི་བརྒྱུད་རིམ་ཞིག་ཡིན་པ་དང་། བསམ་བློར་རིམ་བཞིན་འགྱུར་ལྡོག་བྱུང་བ་དང་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་ཕན་འབྲས་ཐོན་པར་བྱེད་སྟངས་གསར་གཏོད་དང་མང་ཚོགས་དང་ཉེ་བཅར་གྱིས། རྩ་ཁྲིམས་ཀྱི་དགོངས་དོན་དེ་དམངས་འཚོའི་དགོས་མཁོ་དང་སྦྲེལ་མཐུད་གནད་སྨིན་བྱེད་པ་དང་། བཅའ་ཁྲིམས་ཀྱི་འགན་སྲུང་དེ་ཁེ་དབང་སྲུང་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ། མང་ཚོགས་ཀྱིས་རྩ་ཁྲིམས་ནི་ཤོག་ཐོག་ཏུ་བྲིས་པའི་དོན་ཚན་ཙམ་མ་ཟད། རང་ངོས་ཁེ་དབང“སྲུང་མཁན”ཞིག་དེ་བས་ཡིན་པ་ཤེས་སུ་འཇུག་པ་བཅས་བྱས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་གོང་བཀུར་དང་དད་ཤུགས་ཆེ་རུ་ཏན་ཏན་ཏིག་ཏིག་གཏོང་དགོས།

    སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་བཏང་ནས་རྩ་ཁྲིམས་ལག་བསྟར་བྱ་རྒྱུ་དེ་མི་དམངས་ཡོངས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་བ་ནི་དུས་ཐུང་གི་ལས་ཀ་ཞིག་མིན་པས་ངེས་པར་དུ་འབད་བརྩོན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་དང“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གོ་སྐབས་སུ་བྱས་ནས། ང་ཚོས་རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྔར་བས་སྐུལ་འདེད་བཏང་སྟེ་ཕྱོགས་གཅིག་ནས་དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། ཏང་ཡོན་ལས་བྱེད་པས་རྩ་ཁྲིམས་ལ་གོང་བཀུར་དང་ལག་བསྟར་བྱེད་པར་སྣེ་ཁྲིད་བྱས་ཏེ་ཁྲིམས་ལྟར་འགན་འཁྲི་ནན་པོ་འཁུར་བར་རྩ་ཁྲིམས་ཀྱི་དོན་ཚན་ལ་རྒྱུས་མངའ་ལོན་དགོས་པ་མ་ཟད། རྩ་ཁྲིམས་རྒྱབ་ཕྱོགས་ཀྱི་རིན་ཐང་གི་སྟོན་ཕྱོགས་ལ་དེ་བས་གོ་བ་བླངས་ནས། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་སྟངས་སྤྱད་དེ་གནད་དོན་དངོས་ཐག་གཅོད་བྱེད་པའི་འཇོན་ཐང་ཆེ་རུ་བཏང་སྟེ། མིག་དཔེའི་སྟོབས་ཤུགས་ལ་བརྟེན་ཏེ་རྩ་ཁྲིམས་ཀྱི་དགོངས་པར་སྔར་བས་བློ་སེམས་འགུགས་ཤུགས་ལྡན་པར་བྱེད་དགོས། ཕྱོགས་གཞན་ཞིག་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྲོང་གསེབ་དང་། ལས་ཁུངས། ཁེ་ལས། དྲ་རྒྱ། ཁྱིམ་ཚང་སོགས་སུ་དྲིལ་བསྒྲགས་བྱེད་པར་སྔར་བས་སྐུལ་འདེད་བཏང་སྟེ། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱིས་ཕྱོགས་ཡོངས་དང་ཕྱོགས་བསྡུས་ཅན་གྱི་ཁྲིམས་ལུགས་ཁྱབ་གདལ་གྱི་དྲ་རྒྱ་འཛུཌ་པ་དང་། ཁྲིམས་ལུགས་ཁྱབ་གདལ་དེ་བས་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་དང་དེ་བས་དྲོ་སྐྱིད་ལྡན་པར་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ཀྱིས་རང་རྟོགས་ངང་བཅའ་ཁྲིམས་སྲུང་བ་དང་། ལས་དོན་སྒྲུབ་དུས་བཅའ་ཁྲིམས་གཞིར་འཛིན་པ། གནས་ཚུལ་འཕྲད་དུས་བཅའ་ཁྲིམས་ཀྱི་ཁུངས་འཚོལ་བ། དོན་དག་ཐག་གཅོད་དུས་ཁྲིམས་ལ་བསྟུན་པ། འགལ་ཟླ་ཐུག་དུས་ཁྲིམས་བཞིན་སེལ་བ་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་སྲ་བརྟན་དུ་བཏང་ནས། ཁྲིམས་སྐྱོང་གི་དྲོ་སྐྱིད་གངས་ལྗོངས་ས་མཐོའི་ཕྱོགས་གང་སར་ཁྱབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།