རྣམ་གླིང་རྫོང་མདོ་བརྗོད་ཤང་དུ་གཞིས་རྩེ་གྲོང་ཁྱེར་གྱི་ཞོག་ཁོག་ཐོན་ལས་སྤུས་འབྲས་ལེགས་གཉེར་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།
ཉེ་དུས། གཞིས་རྩེ་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་དོ་དམ་ཨུ་ལྷན་གྱིས་རྣམ་གླིང་རྫོང་མི་དམངས་སྲིད་གཞུང་དང་མཉམ་འབྲེལ་བྱས་ནས་རྣམ་གླིང་རྫོང་མདོ་བརྗོད་ཤང་དུ་གཞིས་རྩེ་གྲོང་ཁྱེར་གྱི་ཞོག་ཁོག་ཐོན་ལས་སྤུས་འབྲས་ལེགས་གཉེར་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ་རེད།
ས་ཡུལ་དངོས་སུ་འཕྲུལ་ཆས་སྤྱད་ནས་ཞོག་ཁོག་གི་ལོ་མ་འགོག་པ་དང་། ཞོག་ཁོག་སྔོག་པ། ཆུ་ལུད་གཞི་གཅིག་ཅན། གནོད་འབུ་དང་རྩྭ་ངན་སེལ་བའི་གནོད་མེད་འགོག་སྲུང་སོགས་ཀྱི་ལས་ཕྱོད་ཆེ་བའི་ཐོན་སྐྱེད་ལག་རྩལ་ལ་ཚོགས་ཞུགས་པས་ལྟ་སྐོར་བྱས་ནས་ཞོག་སོན་གསར་པ་ལེགས་འདེམས་དང་གནོད་མེད་ཞོག་སོན་གསོ་སྤེལ་སོགས་ཀྱི་མ་ལག་འཛུཌ་སྐྱོང་གི་འཕེལ་རིམ་ཤེས་རྟོགས་བྱས་པ་རེད།

འདི་ནི་ཚོགས་ཞུགས་པས་ཞིང་ནང་དུ་ཞོག་ཁོག་ཐོན་སྐྱེད་ལག་རྩལ་ལ་རྒྱུས་ལོན་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།