དུས་རབས་གསར་པར་རྨ་ཆུའི་རྣམ་པ་གསར།
ཀྲུང་ཧྭའི་ཤེས་དཔལ་གྱི་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་གོ་རིམ་གྲུབ་པ་དང་མི་རབས་ནས་མི་རབས་བར་གྱི་ཀྲུང་ཧྭའི་བུ་ཕྲུག་འཚོ་སྐྱོང་བྱས་པས། རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ངོ་གནོང་མི་དགོས་པའི“མ་ཡུམ་གཙང་པོ”ཞིག་ཡིན། ཆུ་བོ་ཆེན་པོའི་གོང་འོག་ཏུ་མཛེས་ཤོས་ནི་སྐྱེ་ཁམས་ཡིན་པ་དང་། སེམས་ལ་དྲོ་སྐྱིད་སྦྱིན་པ་ནི་དམངས་འཚོ་ཡིན་པ། མི་སེམས་ལ་སྐུལ་མ་ཐེབས་ཤོས་ནི་ས་གནས་ཁག་གི“སྲུང་སྐྱོང་ཆེན་པོར་མཉམ་དུ་དམ་འཛིན་གྱིས་བཅོས་སྐྱོང་ཆེན་པོར་མཉམ་དུ་སྐུལ་འདེད་བཏང་བའི”ལག་ལེན་གྱི་འཚོལ་ཞིབ་དེ་ཡིན།
སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་བཏང་སྟེ་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་ཞིང་། རྨ་ཆུའི་ཆུ་འགོ་ཁུལ་དུ་དེ་སྔའི་འབྲོག་པ་ད་ཆ་སྐྱེ་ཁམས་བདག་སྐྱོང་བར་གྱུར་ནས་ཆུ་དྭངས་མ་དུས་ནམ་ཡང་ཤར་ཕྱོགས་སུ་དལ་གྱིས་འབབ་པའི་འགན་ལེན་བྱེད་བཞིན་ཡོད།
འཕེལ་རྒྱས་དང་སྲུང་སྐྱོང་ལ་སྤྱི་འདོམས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། རྨ་ཆུའི་བར་རྒྱུད་དུ་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱས་ནས་ནུས་རྒྱུ་གསར་པ་དང་རྩེར་སོན་བཟོ་སྐྲུན་སོགས་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད། མི་རྣམས་ཀྱིས“རྨ་ཆུ་སྲུང་ན་ཕྱུག་པོར་གྱུར་བ”ཤེས་རྟོགས་ཐུབ་ཡོད།
ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཁྲིད་སྟོན་དུ་བྱས་ཏེ། བྱས་འབྲས་ཐོབ་པར་ངས་མི་རྩོད་པ་དང་བྱས་རྗེས་འཇོག་པར་ང་ཡིས་འབད་ནས་རྨ་ཆུ་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམས་ཚེ། རྨ་ཆུ་དེ་ཉིད་མི་རབས་ཁྲི་སྟོང་མང་པོ་འཚོ་སྐྱོང་ཐུབ་པའི་བདེ་སྐྱིད་ཆུ་བོ་ཞིག་ཏུ་གྱུར་ངེས་རེད།
འབྲེལ་ཡོད་གསར་འགྱུར།