མཚོ་སྔོན་ཞིང་ཆེན་གྱིས་ལས་རྨས་འགན་བཅོལ་གྱི་ཐོབ་ཐང་ལེགས་སྒྲིག་བྱས་པ།
ལས་རྨས་ཕོགས་སྣོན་ཏེ། རིམ་པ་དང་པོ་ནས་རིམ་པ་བཞི་པའི་བར་གྱི་ལས་རྨས་ལས་བཟོའི་རྨས་སྐྱོན་ཕོགས་སྣོན་ཟླ་རེར་སྒོར་253དང་། སྒོར་242 སྒོར་228 སྒོར་220བཅས་སོ་སོར་མང་དུ་གཏོང་རྒྱུ་དང་། རིམ་པ་ལྔ་པ་དང་དྲུག་པའི་ལས་རྨས་ཕོགས་སྣོན་དེ་རིམ་པ་བཞི་པའི་ལས་རྨས་ལས་བཟོའི་རྨས་སྐྱོན་ཕོགས་སྣོན་གྱི་ལེགས་སྒྲིག་ཚད་གཞི་ལྟར་ལག་བསྟར་བྱ་རྒྱུ་རེད།
མཚོ་སྔོན་ཉིན་རེའི་ཚགས་པའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་12ཚེས་1ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱས་པར། ལས་རྨས་ལས་བཟོ་དང་དེ་བཞིན་ལས་གནས་སུ་གྲོངས་པའི་ལས་བཟོའི་བསྙེན་བཀུར་གཉེན་ཉེའི་གཞི་རྩའི་འཚོ་བ་འགན་སྲུང་བྱ་ཆེད། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱིས་བརྡ་ཐོ་བཀྲམ་ནས་ལས་རྨས་འགན་བཅོལ་གྱི་ཡུན་རིང་ཐོབ་ཐང་ལེགས་སྒྲིག་བྱ་རྒྱུ་ཡིན་པ་དང་། ད་ཐེངས་ཀྱི་ལེགས་སྒྲིག་2025ལོའི་ཟླ་1ཚེས་1ཉིན་ནས་ལག་བསྟར་བྱས་པ་རེད།
ལེགས་སྒྲིག་ཁྱབ་ཁོངས་སུ་2024ལོའི་ཟླ་12ཚེས་31ཉིན(དེའི་ནང་ཚུད་པ)གོང་ལ་ཟླ་རེར་རྨས་སྐྱོན་ཕོགས་སྣོན་དང་འཚོ་བའི་བདག་སྐྱོང་གྲོན་དངུལ་ལེན་མཁན་ལས་རྨས་ལས་བཟོ་དང་། དེ་བཞིན་བསྙེན་བཀུར་གཉེན་ཉེའི་གོད་གསབ་དངུལ་ལེན་མཁན་གྱི་བསྙེན་བཀུར་གཉེན་ཉེ་ཚུད་ཡོད། རྨས་སྐྱོན་ཕོགས་སྣོན་གྱི་ཐོབ་ཐང་ལེགས་སྒྲིག་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོའི་དངུལ་བླངས་ཟིན་པའི་ལས་རྨས་མི་སྣ་ཚུད་མེད།
རྣམ་གྲངས་དང་ཚད་གཞི་ལེགས་སྒྲིག་བྱས་ཤིང་། ལས་རྨས་ཕོགས་སྣོན་ཏེ། རིམ་པ་དང་པོ་ནས་རིམ་པ་བཞི་པའི་བར་གྱི་ལས་རྨས་ལས་བཟོའི་རྨས་སྐྱོན་ཕོགས་སྣོན་ཟླ་རེར་སྒོར་253དང་། སྒོར་242 སྒོར་228 སྒོར་220བཅས་སོ་སོར་མང་དུ་གཏོང་རྒྱུ་དང་། རིམ་པ་ལྔ་པ་དང་དྲུག་པའི་ལས་རྨས་ཕོགས་སྣོན་དེ་རིམ་པ་བཞི་པའི་ལས་རྨས་ལས་བཟོའི་རྨས་སྐྱོན་ཕོགས་སྣོན་གྱི་ལེགས་སྒྲིག་ཚད་གཞི་ལྟར་ལག་བསྟར་བྱ་རྒྱུ་རེད། འཚོ་བའི་བདག་སྐྱོང་གྲོན་དངུལ་ཏེ། ལས་རྨས་ལས་བཟོའི་འཚོ་བ་རྦད་དེ་དང་། མང་ཆེ་བ། ཁག་གཅིག་བཅས་རང་མགོ་མ་ཐོན་ཚེ། དེའི་བདག་སྐྱོང་གྲོན་དངུལ་ཟླ་རེར་སྒོར་4322དང་། ཟླ་རེར་སྒོར་3457 ཟླ་རེར་སྒོར་2593བཅས་སོ་སོར་ལེགས་སྒྲིག་བྱ་རྒྱུ་རེད། བསྙེན་བཀུར་གཉེན་ཉེའི་གོད་གསབ་དངུལ་ཏེ། ལས་གནས་སུ་གྲོངས་པའི་ལས་བཟོའི་བསྙེན་བཀུར་གཉེན་ཉེའི་དངུལ་དེ་བླངས་ཟིན་པའི་ཚད་གཞིའི་རྨང་གཞིའི་ཐོག་མི་རེར་ཟླ་རེར་སྒོར་100སྤོར་རྒྱུ་རེད། ལེགས་སྒྲིག་བྱས་རྗེས་དངོས་སུ་ལེན་པའི་དངུལ་གྲངས་སྒོར་1556ལས་དམའ་བ་ཡོད་ན་སྒོར་1556བར་ལེགས་སྒྲིག་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལས་རྨས་འགན་བཅོལ་ལ་ཞུགས་ནས་སྤྱི་ཚོགས་ཀྱིས་སྤྱི་འདོམས་བྱས་རིགས་ལ་ཐོབ་ཐང་ལེགས་སྒྲིག་བྱེད་པའི་འགྲོ་གྲོན་དེ་ལས་རྨས་འགན་བཅོལ་ཐེབས་རྩ་ནས་སྤྲོད་དགོས་པ་དང་། རིམ་པ་ལྔ་པ་དང་དྲུག་པའི་ལས་རྨས་ལས་བཟོའི་རྨས་སྐྱོན་ཕོགས་སྣོན་ལེགས་སྒྲིག་གྲོན་དངུལ་དང་ལས་རྨས་འགན་བཅོལ་ལ་ཞུགས་མེད་རིགས་མི་སྤྱོད་ཚན་པས་སྤྲོད་འགན་འཁུར་དགོས།
འབྲེལ་ཡོད་གསར་འགྱུར།