2025ལོའི་ཨེ་ཅིབ་ཀྱི“ཀྲུང་གོའི་གློག་བརྙན་གཟའ་འཁོར”ཁེ་རོར་འགོ་ཚུགས་པ།
ཉིན་ཤས་གོང་། 2025ལོའི་ཨེ་ཅིབ་ཀྱི“ཀྲུང་གོའི་གློག་བརྙན་གཟའ་འཁོར”ཁེ་རོའི་ཀྲ་མཱ་ལི་ཁེ་གློག་བརྙན་ཁང་དུ་འགོ་ཚུགས་པ་རེད།
ཀྲུང་གོ་ཕྱོགས་ཀྱི་སྐུ་མགྲོན་གྱིས“ཀྲུང་གོའི་གློག་བརྙན་གཟའ་འཁོར”གྱི་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། ཀྲུང་གོའི་གློག་བརྙན་ཁྲོམ་ར་སྒོ་དབྱེ་བསྟུན་མཁས་ཡིན་པ་དང་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་གཉིས་པོའི་གློག་བརྙན་ལས་རིགས་ཁོངས་གཏོགས་དབར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་སྡེབ་པར་ལེན་གྱི་ལས་སྒོ་ཧུར་ཐག་སྤེལ་བ། ཕ་རོལ་རྒྱལ་ཁབ་ཀྱི་གློག་བརྙན་པར་གཞི་ནང་འདྲེན་བཅས་བྱས་ནས་ཨེ་ཅིབ་ཀྱི་གློག་བརྙན་དེ་བས་མང་བ་ཀྲུང་གོར་སྟོན་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།