དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོའི“ཀྲུང་གོར་རྒྱུས་མངའ་ལོན་པའི”རྒྱལ་སྤྱིའི་ཚོགས་འདུ་ཀོང་ཀྲོའུ་རུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-04

    ཟླ་11ཚེས་30ཉིན་ནས་ཟླ་12ཚེས་2ཉིན་བར། 2025ལོའི“ཀྲུང་གོར་རྒྱུས་མངའ་ལོན་པའི”རྒྱལ་སྤྱིའི་ཚོགས་འདུ་ཀོང་ཀྲོའུ་རུ་འཚོགས་པ་དང་། བརྗོད་དོན་གཙོ་བོ་ནི“བཀོད་སྒྲིག་གསར་པ་དང་འཕེལ་རྒྱས་གསར་པ། གདམ་ག་གསར་པ། ——ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རྣམ་པ་གསར་པ”ཞེས་པ་དེ་རེད། ཟླ་12ཚེས་1ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་གཙོ་དོན་གཏམ་བཤད་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧོང་ཁུན་མིང་འགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད།

    ཚོགས་ཞུགས་སྐུ་མགྲོན་གྱིས། ལོ་མང་རིང་འཕེལ་རྒྱས་བཏང་བ་བརྒྱུད། “ཀྲུང་གོར་རྒྱུས་མངའ་ལོན་པའི”རྒྱལ་སྤྱིའི་ཚོགས་འདུ་དེ་འཛམ་གླིང་གིས་ཀྲུང་གོ་ཤེས་རྟོགས་བྱེད་པའི་ཤུགས་རྐྱེན་ཆེ་ཤོས་ཀྱི་ལས་སྟེགས་ཀྱི་གྲས་སུ་གྱུར་ཡོད་ཅེས་བརྗོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོར་རྒྱུས་མངའ་ལོན་པའི་འགག་རྩ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱུས་ལོན་བྱེད་དགོས་པར་ཐུག་ཡོད། ཡུན་རིང་འཚོལ་ཞིབ་དང་ལག་ལེན་བྱས་པའི་རྨང་གཞིའི་ཐོག ཀྲུང་གོ་གུང་ཁྲན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་རིགས་པའི་གཞུང་ལུགས་དང་ལག་ལེན་ལ་གསར་གཏོད་ཚད་བརྒལ་བྱས་པ་བརྒྱུད། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་ཐོབ་པའི་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག འབྱུང་འགྱུར་ལོ་ལྔའི་རིང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་འཆར་གཞི་བཏིང་བ་དེས་འཛམ་གླིང་རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ལམ་བུར་མཉམ་དུ་བསྐྱོད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།