རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས།
བ་གམ་སྐྲུན་དངོས་ཀྱི་མེ་སྐྱོན་ཚབས་ཆེན་གྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་བཀོད་སྒྲིག་བྱས་པ།
ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས་བརྡ་ཐོ་བཀྲམ་ནས་བ་གམ་གྱི་སྐྲུན་དངོས་ཀྱི་མེ་སྐྱོན་ཚབས་ཆེན་གྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་ཏེ། མི་སྣ་སྡོད་ས་དང་བྱེད་སྒོ་སྤེལ་སའི་བ་གམ་གྱི་དམངས་སྤྱོད་སྐྲུན་དངོས(ཡུལ་མིའི་སྡོད་ཁང་སྐྲུན་དངོས་དང་གཞུང་ལས་དང་། སྨན་བཅོས། ཚོང་ལས་སོགས་སྤྱི་པའི་སྐྲུན་དངོས་ཚུད་པ)ལ་གྲལ་བཤེར་བཅོས་སྒྲིག་བྱེད་པ་དང་ལྷག་པར་དུ་ཕྱི་གྱང་སྒྱུར་བཀོད་དང་ནང་ཁུལ་གྱི་ཆ་ཤས་ལ་མཛེས་བཟོ་སྒྱུར་བཀོད་བྱས་པའི་བ་གམ་གྱི་དམངས་སྤྱོད་སྐྲུན་དངོས་ལ་དམིགས་ཏེ། བ་གམ་གྱི་སྐྲུན་དངོས་ཀྱི་མེ་ཟོན་བདེ་འཇགས་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གྲལ་བཤེར་བཅོས་སྒྲིག་ཐད་ཕྱོགས་བཞི་འབུར་དུ་ཐོན་པ་སྟེ། གཅིག་ནི་ཕྱི་གྱང་སྒྱུར་བཀོད་བྱེད་བཞིན་པའི་བ་གམ་གྱི་དམངས་སྤྱོད་སྐྲུན་དངོས་ཡིན་ཞིང་། གསར་དུ་བསྒར་བའི་ཕྱི་གྱང་གི་དྲོད་འཛིན་མ་ལག་ལ་འབར་སླ་ཞིང་འབར་རུང་བའི་རྒྱུ་ཆ་སྤྱད་པ་དང་། སྨྱུག་མའི(ཤིང)ལས་ཁྲི་དང་འབར་འགོག་མིན་པའི་ཚགས་དམ་པའི་བདེ་འཇགས་དྲ་བ་སོགས་བེད་སྤྱོད་གཏན་འགོག་བྱས་པའི་རྒྱུ་ཆ་དང་། བཟོ་རྩལ། སྒྲིག་ཆས་བཅས་སྤྱད་པ། གཏན་འབེབས་ལྟར་གཞི་རྩའི་འཛུགས་སྐྲུན་གྱི་གོ་རིམ་མ་བསྒྲུབས་པར་རང་དགར་ཨར་ལས་བྱས་པ་སོགས་ལ་གཙོ་གནད་གྲལ་བཤེར་སྒོས་བཅོས་སྒྲིག་བྱ་རྒྱུ་དང་། གཉིས་ནི་ནང་ཁུལ་ལ་མཛེས་བཟོ་སྒྱུར་བཀོད་བྱེད་བཞིན་པའི་བ་གམ་གྱི་དམངས་སྤྱོད་སྐྲུན་དངོས་ཡིན་ཞིང་། མེ་འབྲེལ་ལས་སྒྲུབ་དང་འབྲེལ་བ་ཡོད་པའི་བཅད་གྲངས་མན་གྱི་ལས་གྲྭ་ཆུང་གྲས་ལ་གཏན་འབེབས་ལྟར་ཐོ་འགོད་དོ་དམ་མ་བྱས་པ་དང་། སྒྲིག་བཀོད་དང་སྒྲིག་ཆས་ཉམས་བཟོ་དང་བཤིག་པ་སོགས་བདེ་འཇགས་དོ་དམ་གྱི་གཏན་འབེབས་དང་མི་མཐུན་པ། འབར་སླ་ཞིང་འབར་རུང་བའི་རྒྱུ་ཆ་སྒྲིག་སྲོལ་ལས་འགལ་ནས་སྤྱད་པ། མི་འདུ་འཛོམས་ཆེ་བའི་གནས་སུ་ལས་གཉེར་བྱེད་རིང་མེ་འབྲེལ་ལས་སྒྲུབ་བྱས་པ་སོགས་ལ་གཙོ་གནད་གྲལ་བཤེར་སྒོས་བཅོས་སྒྲིག་བྱ་རྒྱུ། གསུམ་ནི་བ་གམ་གྱི་དམངས་སྤྱོད་སྐྲུན་དངོས་ཀྱི་མེ་ཟོན་སྒྲིག་བཀོད་དང་སྒྲིག་ཆས་ཡིན་ཞིང་། ཁང་པའི་ནང(ཕྱི)གི་མེ་གསོད་ཡོ་ཆས་མ་ལག་དང་རང་འགུལ་ཆུ་གཏོར་མེ་གསོད་མ་ལག་ལ་ཆུ་མེད་པའམ་ཡང་ན་གནོན་ཤུཌ་མི་འདང་བ་དང་། མེ་སྐྱོན་གྱི་རང་འགུལ་ཉེན་བརྡ་གཏོང་བའི་མ་ལག་དང་འཕྲུལ་ཆས་ཀྱི་དུ་བ་འགོག་པའི་མ་ལག་རྒྱུན་གཏན་ལྟར་བཀོལ་སྤྱོད་མི་ཐུབ་པ། མེ་འགོག་ཡོལ་བ་དང་མེ་འགོག་སྒོ་སོཌ་མེ་འགོག་མཚམས་གཅོད་སྒྲིག་ཆས་རྒྱུན་གཏན་ལྟར་སྒོ་རྒྱག་མི་ཐུབ་པའམ་ཡང་ན་ཆ་ཚང་སྐྱོན་ཤོར་བ་སོགས་ལ་གཙོ་གནད་གྲལ་བཤེར་སྒོས་བཅོས་སྒྲིག་བྱ་རྒྱུ། བཞི་ནི་བ་གམ་གྱི་དམངས་སྤྱོད་སྐྲུན་དངོས་ཀྱི་རྒྱུན་གཏན་མེ་ཟོན་བདེ་འཇགས་དོ་དམ་ཡིན་ཞིང་། སྐྲུན་དངོས་དང་འབྲེལ་བའི་ཁང་པ་སོཌ་ཞོར་གཏོགས་སྐྲུན་དངོས་སྦྲེལ་མཚམས་ཀྱི་འབར་སླ་ཞིང་འབར་རུང་བའི་དངོས་རྫས་དང་། མེ་གསོད་རླངས་འཁོར་གྱི་བགྲོད་ལམ་དང་། ཁ་འགྲེམས་བགྲོད་ལམ། བདེ་འཇགས་དོན་སྒོ་བཅས་བཀག་པ་དང་བཟུང་སྤྱོད་བྱས་པ། གློག་སྒུལ་སྦག་སྦག་ཐོག་ཁང་ནང་བཅུག་པ་དང་སྒྲིག་འགལ་གྱིས་གློག་བསགས་པ། སྐྲུན་དངོས་ནང་གི་གློག་ཤུགས་སྐུད་ལམ་རྙིང་པར་གྱུར་པ་དང་གང་བྱུང་དུ་ཁྲིད་པ། སྔར་ཡོད་ཀྱི་ཕྱི་གྱང་དྲོད་འཛིན་མ་ལག་གི་འགོག་སྲུང་ནུས་པར་གཏོར་སྐྱོན་ཕོག་པ་དང་། གས་པ། བུད་པ་བཅས་དུས་ཐོག་ཏུ་ཉམས་བཟོ་མ་བྱས་པ་སོགས་ལ་གཙོ་གནད་གྲལ་བཤེར་སྒོས་བཅོས་སྒྲིག་བྱ་རྒྱུ་བཅས་རེད།
འབྲེལ་ཡོད་གསར་འགྱུར།